R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༩༤
[A:༡༩༤]ཁྱད་པར་གང་
མཆིས་པ
། །མཐའ་ཡས་
པའི་
ལམ་ལ་རབ་
ཏུ་
གནས་པར། །མི་ཤེས་པ་ཡི་མུན་པ་སྤངས། །
སྔོན་ལྷ་རྣམས་ཀྱིས་ཆུ་གཏེར་བསྲུབས་པ་ལས་བདུད་རྩི་ཆུ་ཤེལ་གྱི་བུམ་པ་གང་བྱུང་བའི་རི་རབ་ཀྱི་ཟོམ་དུ་ཡིད་ལས་གྲུབ་པའི་གཞལ་མེད་ཁང་དུ་ཚངས་པ་ལ་སོགས་པའི་གྲལ་རིམ་པར་བཤམས་ཏེ། སྒྲ་གཅན་གཞོན་པས་དྲོངས་ཟེར་བ་ལ། སྒྲ་གཅན་གྱིས་བསམ་པ། བདུད་རྩི་རྙེད་པར་དཀའ་བ་འདི་རང་གིས་འཐུངས་ནས་བྲོས་པ་ལོགས་སྙམ་སྟེ་དེ་ལྟར་བྱས་པས། ལྷ་རྣམས་ཀྱིས་དེའི་ཕྱི་བཞིན་དུ་དེད་ནས། ཟིན་དུ་ཉེ་བ་ན། སྒྲ་གཅན་གྱིས་མཚོན་ཆའི་འཁོར་ལོ་དམ་བཅའ་བཞི་ལྡན་འཕངས་པ་ཚངས་པའི་མཁུར་ཚོས་ལ་ཕོག །དེའི་ཟུག་རྔུ་དྲག་པོས་རྐྱེན་བྱས་ཏེ། འགྲོ་བ་གཞན་རྣམས་ཀྱང་ནད་ཀྱིས་བཏབ་པའི་སྡུག་བསྔལ་ལ་སྙིང་རྗེ་ནས་འཚོ་བའི་ཐབས་བསམ་པས། སྔོན་གྱི་རྒྱལ་བས་བྷེ་ཏའི་ཚལ་དུ་ཚེའི་རིག་བྱེད་སྟེ་གཅེར་མཐོང་རིག་པའི་རྒྱུད་གསུངས་པ་དྲན་པ་ལས། གསོ་བའི་ལས་ལ་སྦྱར་རོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་དུ་བཤད་པ་དང་སྲིད་པའི་འཁོར་ལོ་སྦྱར་བས་སྦྱར་རྒྱན་ནོ།
།སྲིད་པའི་འཁོར་ལོ་
སྐྱེ་རྒ་ན་འཆིའི་
དམ་བཅའ་བཞི་ལྡན་པ། །བསྣུན་པའི་དུཿཁ་
འམ་སྡུག་བསྔལ་གྱི་རང་བཞིན་
སེམས་ཅན་ཀུན་གྱི་ནད། །འཕྲོག་བྱེད་
དེ་ཉིད་
འཆི་མེད་རྟག་པ་དམ་པའི་དཔྱད་
ཟབ་མོའི
། །སྔོན་མེད་ཚེ་ཡི་རིག་བྱེད་
ཁྱད་པར་ཅན་ཞིག་
འདི་ན་དྲན་
ཏེ
། །
དེ་ཡང་
ཐོག་མེད་དུས་ནས་འཁོར་བའི་རང་བཞིན་
གྱི་ཆུ་བོའི་
རྒྱུན། །འཐུངས་པ་
ལས་སྐྱེས་པ
འི་ལས་དང་ཉོན་མོངས་ཟློས་བུའི་ཤིང༌། །གཡོ་
བ་
དང་མི་རྟག་
པ་དང་
འཛིངས་པའི་ཡལ་ག་
སྟུག་པོར་རྒྱས་པ་
ཅན། །
སྐྱེ་བའི་རྒྱུ་
མ་རིག་པ་ཡི་རྩ་བ་གཅིག་པུ་
ཁོ་ན
འོ། །དུག་གསུམ་
དྲག་པོའི་
ཁྲོ་བའི་སྦྲུལ་གྱི་སོས་བཏབ་པའི། །ཟུག་རྔུས་སྙིང་ལ་འབིགས་བྱེད་
ཀྱི་
རི་བོའི་ལས་
ཀྱི
། །ཚེ་ཡི་སྣང་བ
འི་ཉི་མ་
སྒྲིབ་
པར་
བྱེད་
པ་དེ་ཉིད་
འགོག་
པ་
བདེན་
པའི་
ལྷ་
སྟེ་རི་བོ་འབིགས་བྱེད་ནི
། །
འཛམ་བུ་གླིང་གི་ཤར་ཕྱོགས་ན་བཤོས་བུའི་དབྱིབས་ནམ་མཁའ་འབིགས་པ་ལྟ་བུར་གནས་པ་ལས། ལྷ་ཆེན་པོ་རྣམས་ཀྱིས་འདིས་འཛམ་བུ་གླིང་གི་ཉི་མ་སྒྲིབ་པར་བྱེད་དོ་ཞེས་འགྲོས་ཏེ་ས་གཞི་ལ་བསྒྱེལ་ནས་བཞག་གོ །ད་ལྟ་ནི་རྩ་བ་རྒྱ་གར་ཤར་ཕྱོགས་དང་རྒྱ་ནག་གི་བར་ན་གནས་ཤིང༌། རྒྱ་ནག་དང་བོད་ཀྱི་བར་ནས་སོང་སྟེ་རྩེ་མོ་རྒྱ་གར་ནུབ་ཕྱོགས་ཀྱི་ཆར་གནས་སོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར།
སྨན་གྱི་བླ་མ་དེ་
ནི་ས་སྐྱ་པཎྜི་ཏ་
ཁྱོད་ལས་གཞན་
པ་
སུུ་
ཞིག་སྟེ་སུ་ལའང་མེད་དོ
། །འདོད་དགོངས་སྙིང་པོའི་ཟླ་བ་སྔོ་སངས་མ། །དྲན་པའི་རྩེད་དགས་མ་མོས་འཕེལ་
ནི་རླུང་སྟེ་དེས་འཕེལ་བ་
དང་ཟད་
པས
། །
ངེས་པར་
གཡོ་ཡང་དེ་དོན་
སྟེ་འདུ་བའི་
རྔ་ཡབ་མི་འཁྲུགས་པར། །ཆ་སྙོམས་
ཤིང་
སྦེག་པའི་རྒྱན་ནི་ཡིད་
དུ་
འོང་
བར་
བྱེད་
དོ
། །ཞེ་སྡང་དྲག་པོའི་མཚན་རིས་ནག་པོའི་ཚལ། །སྨིན་མའི་འཁྲི་ཤིང་འཁྱོག་པོར་བལྟ་བ་