[A:༡༩༥]ཡི། །གདོང་ལས་
སྐྱེས་པའི་
འཁྲིས་པའི་མིག་སྔོན་དབང་ཕྱུག་རི་བོ་གངས་ཅན་ལ་ལྷ་མོ་གཽ་རཱིས་མཆོད་ཅིང་གནས་པ་ན་ལྷ་རྣམས་ཐེ་ཚོམ་དུ་གྱུར་ཏེ་གཽ་རཱི་དང་ལྷན་ཅིག་དཀའ་ཐུབ་བྱེད་པ་བདེན་ནམ་ཟེར་ནས། འདོད་པའི་ལྷ་བལྟར་བཏང་བ་དང༌། འདོད་ལྷའི་མདའ་ལྔ་རིམ་གྱིས་འཕངས་པས། དང་པོ་དང་གཉིས་པ་ལ་རྟོག་པ་ཙམ་ཡང་མ་བྱུང༌། གསུམ་པ་དང་བཞི་པ་ལ་རྟོག་པ་ཙམ་དུ་གྱུར་ཏེ། ལྔ་པ་ཕོག་པས་གཽ་རཱི་དང་གནས་པས་དཀའ་ཐུབ་ཞིག་གོ །དེའི་སྐད་ཅིག་ཕྱི་མ་ལ་འགྱོད་ནས་ཅི་ཉེས་སྙམ་དུ་བསམས་པས་འདོད་པས་ཉེས་པར་ཤེས་ནས། མིག་གསུམ་ནས་མེ་ཕྱུངས་ཏེ་འདོད་པའི་ལྷ་བསྲེགས་སོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར་ཀྱང་རུང་ངོ༌།།
གསུམ་མེ་ཡི་དཔལ། །ཞི་བྱེད་ཆུ་ཡི་ལྷ་མོ་ལས་ཀྱང་བསིལ་ཞིང་
། །རྨོངས་ཆེན་འཐིབས་བུའི་སྔས་ལ་གཏི་མུག་གིས། །ཉལ་བའི་རྨི་ལམ་ལས་བྱུང་བ་
བད་ཀན་གྱི་ནད་
སའི། །རང་བཞིན་བརྣག་པ་དེ་བཟོད་
པར་དཀའ་བ་
དེ་ཕྱིར་དབྱུང་བའི་ཐབས་ཚུལ
། །བསྔགས་འོས་བདུད་རྩིའི་སྤྲིང་ཡིག་ན་དར་ལ། །འདུས་པ་བཞི་ལ་གཅིག་ལྷག་བརྒྱར་ཕྱེ་བས། །ནད་རིགས་ཀྱི་དབྱེ་བ་
བཞི་བརྒྱ་རྩ་བཞིའི་གདུང་བ་ངན་པ་ཐམས་ཅད་
སེལ་བ། །གསོ་དཔྱད་རིག་པ་ཀུན་ལ་གནས་འཆའ་བའི། །ལུས་དང་བྱིས་པ་གདོན་ལུས་སྟོད། མཚོན་དང་འཆི་བ་རྒས་རོ་རྩ་སྟེ། ཀྱི་ཚིག་ནི་བསྟན་བཅོས་ཡན་ལག་བརྒྱད་པ་ལ་སོགས་པ་
བརྗོད་བྱ་ཡན་ལག་བརྒྱད་དང་དེ་ཉིད་
རྗོད་བྱེད། །བསམ་གྱིས་མི་ཁྱབ་ཅིང་མདོར་བསྡུ་ན་ནད་ཀྱི་མཚན་ཉིད་
རྐྱང་པ་དང་ལྡན་པ་དང་
འདུ་བའི་ནད་རྣམས་སོ
། །རྐྱང་པ་
འཕེལ་བ་
དང་རབ་ཏུ་
འཕེལ་རབ་མཆོག་ཏུ་
འཕེལ་བ་དང༌། །ཟད་པ་
དང་རབ་ཏུ་
ཟད་རབ་ཏུ་ཟད་པ་དང་
མཆོག་ཏུ་
ཟད་པ་སྟེ། །དེ་ལྟར་
འཕེལ་ཟད་ཀྱི་
དབང་དང་འཚམ་པའི་གསོ་ཐབས་སོ་སོ་
དང༌། །དང་པོ་ནད་
མི་འབྱུང་ཞིང་
བདེ་བར་གནས་པའི་ཐབས་ལ་ཉིན་རེ་བཞིན་སྤྱོད་པ་དང་དུས་སྤྱོད་དང༌། རྒྱུན་སྤྱོད་དང༌། གནས་སྐབས་སྤྱོད་པ་ལ་སོགས་པ་རྣམས་སོ། །
བར་དུ་ནད་
བྱུང་བ་ལེགས་པར་བཅོས་པའི་ཐབས།ཞི་བྱེད་དང༌། སྦྱོང་བྱེད་ཀྱི་སྨན་དང༌། དཔྱད་ཀྱི་བྱེ་བྲག་ལ་སོགས་པའོ། །
ཐ་མར་ཕྱིར་མི་འོང་བའི་ཐབས་ཚུལ་རྗེས་བཅོད་ཀྱི་དཔྱད་སོགས་
ལ། །མཁས་པར་མཁྱེན་པ་ལ་
ང་རྒྱལ་བ་སྤུ་ཙམ་ཡང་
ཅི་སྟེ་གཡོ་བར་འགྱུར་ཏེ་མི་གཡོའོ
། །ཚེ་ཡི་རིག་པའི་དབང་ཕྱུག་བདག་ཉིད་ཆེན་པོ་དང་ལྷ་ཆེན་དབང་ཕྱུག་ལ་སྦྱར་བས་སྦྱར་རྒྱན།
དམ་པ་མངའ། །ཆོས་དང་འདོད་པ་དང་ནོར་དང་ཐར་པའི་
སྡེ་བཞི་གསོ་བའི་ཆོས་ཀྱི་
འབྱོར་བ་ཀུན་གྱི་
ཁྱུ་མཆོག་གི །རྣམ་པར་རྒྱལ་བའི་མཚན་བཟང་ས་