R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༩༦
[A:༡༩༦]ཀུན་ན། །སྙན་པ
ར་གྲགས་པ
འི་གོས་ཅན་སུ་ཞིག་མཆོད་བྱ་མིན་
སྟེ་ངེས་པར་མཆོད་བྱའོ
། །ཡང་དག་སྨྲ་བའི་ལྕེ་ལྟ་བུ། །ཚིག་ལ་འཁྲུལ་པའི་གདོན་ཞུགས་ན། །བརྡ་སྤྲོད་རིག་པའི་དཔའ་བོ་ཡིས། །ཚར་གཅོད་ལས་ལ་དབང་བ་ཅན། །དེ་ཕྱིར་སྒྲ་ནི་རྣམ་གསུམ་སྟེ། །ཟིན་པ
འི་འབྱུང་པོ་ཆེན་པོ་
དང་ནི་མ་ཟིན་པ
འི་འབྱུང་པོ་ཆེན་པོ
། །གཉིས་ཀ་དག་ལས་བྱུང་བའི་སྒྲ
འོ
། །
དེ་དག་
རེ་རེ་ལའང་སེམས་ཅན་དུ། །སྟོན་པ་དང་ནི་མི་སྟོན་དག །ཚིག་ཏུ་ལྷུང་
བ་
དང་མི་ལྷུང་བའི། །སྒོ་ནས་ལུང་དུ་སྟོན་པ་དང༌། །མི་སྟོན་པ་ཡི་ཁྱད་པར་ཅན་
ནོ
། །ལུང་དུ་སྟོན་པ
འི་
བརྡ་སྤྲོད་པ་
སྟེ
། །དེ་ཡི་གཙོ་བོ་ལེགས་སྦྱར་
གྱི
་སྒྲ་
ཡིན་ལ
། །དེ་ལ་
སྒྲའི་
གཞི་དང་སྒྲ་དངོས་གཉིས་
ལས
། །གཞི་ནི་ཡི་གེ་དག་ཏུ་འདོད་
དོ
། །
ཡི་གེ་
དེ་
ལ་
ཡང་ངོ་བོ་
དང་
དབྱེ་བ་དང༌། །གྲངས་དང་ཁམས་དང་སྐྱེ་བའི་གནས་
དང་
། །གཟུགས་བརྙན་དང་ནི་བཀླག་པའི་ཐབས་
ཏེ
། །རྣམ་པ་བདུན་དུ་འདུས་པ་ཡིན་
ནོ
། །
སྒྲ་
དངོས་ལ་བརྗོད་བྱ་
དང་
རྗོད་བྱེད་གཉིས་
ལས
། །རང་བཞིན་
དང་
རྐྱེན་དང་རྣམ་འགྱུར་གསུམ་
ནི
། །བརྡ་སྤྲོད་
པའི་
གཞུང་གི་བརྗོད་བྱ་ཡིན། །
རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ་པོ་
དེ་རྗོད་
པར་
བྱེད་པ་
ནི་སྒྲ་རིག་པ་སོ་སོའི་
མདོ་ཡི་ཚོགས་
སོ
། །རང་བཞིན་ཉིད་ནི་གང་
ཡིན་ན་
དེ་དག་
། །བྱིངས་སུ་གནས་
པ་
དང་མིང་དུ་གྲུབ་
པ་གཉིས་སོ
། །
བྱིངས་ལ་
གཙོ་
བོ་
དང་ཕལ་པའི་དབྱེ་བ་ཡིས། །རགས་པར་བྱིངས་
ཀྱི་དབྱེ་བ་
ནི་གཉིས་སུ་འདུས་
པ་ཡིན་ལ
། །གཙོ་
བོའི་བྱིངས་ནི་
ནི་རྒྱས་པར་ཉིས་སྟོང་དང༌། །སུམ་བརྒྱ་བཅོ་ལྔ་
སྟེ་
དེ་
རྣམས་
བསྡུ་ན། །དགུ་བརྒྱ་
དང་
བཅུ་གཉིས་
སུ་གནས་པ་ལ་བྷཱུ་ལ་སོགས་པ་
སྡེ་ཚན་དགུ་
པ་བསྡུས་པར
། །གླེགས་བམ་ལས་ནི་བཤད་པ་ཡིན་
ཅིང་
། །
གཞན་ཡང་
མདོ་
ལས་བྱུང་བའི་
བྱིངས་དང་ནི་སན་ལ་སོགས་
སན་ཡིན་དང་ཀཱ་མྱ་དང་ཨཱ་ཡི་དང་ཨིན་ཀཱ་རི་ཏ་དང་ཡ་སྒྲ་སྟེ་ཙེ་ཀྲཱི་ཡི་ཏ་དང་ཨཱ་ཡ་དང་
། །བདུན་གྱི་མཐའ་ཅན་དེ་དག་ཀྱང་གཙོ་བོ
འི་བྱིངས་
ཡིན་ཏེ་
ཅིའི་ཕྱིར་ན་
ཏི་ངའི་རྐྱེན་
རྣམས
། །འཇུག་པའི་ཡུལ་དུ་གྱུར་པའི་ཕྱིར་
རོ
། །ཕལ་
པའི་བྱིངས་ཞེས་
པར་རྗོད་པ་
ནི་
བྱིངས་གང་ཞིག །ཀྭི་པ་རྐྱེན་གྱི་མཐར་ངེས་པ་
སྟེ
། །
གཙོ་བོའི་
བྱིངས་ཀྱི་ལུས་ཉིད་མ་བཏང་
བར་གཟུགས་དེ་ཀ་ལྟར་གནས་པ་
ལ། །
ཀི¿་པ་ཀྱི་རྐྱེན་སྦྱར་བས་
རྟགས་སུ་ཡང་ནི་གྲུབ་པ་
དེ
འོ། །
རང་བཞིན་
མིང་ལ་ཕོ་
དང་
མོ་
དང་
མ་ནིང་གི །རྟགས་གསུམ་