R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༩༧
[A:༡༩༧]པ་དང་གྲངས་མེད་
ཀྱི་
རྟགས་
སོ
། །དེ་དག་ཀུན་ལ་
ཡང་
དབྱངས་དང་ནི། །གསལ་བྱེད་
ཀྱི་
མཐའ་ཡི་ངེས་པ་ཅན་
ཡོད་དོ
། །རྐྱེན་ནི་
གང་ཡིན་ན་
རང་བཞིན་བྱིངས་ཀྱི་ཚོགས་
དེ་རྣམས
། །མིང་དུ་སྒྲུབ་
པར་བྱེད་
པ་ཀྲྀ་ཏྱའི་རྐྱེན་
དངོས་དང་
། །ལ་སོགས་
ཀྱི་སྒྲས་ཀྲྀ་ཏ་རྐྱེན་གྱི་
ཡན་ལག་ཨུ་ཎར་བཅས་
པ་རྣམས་ནི
། །དུས་
ཀྱི་གནས་སྐབས་དང་
དང་བྱེད་ཅན་གོ་
བར་
བྱེད་
པ་ཉིད་
དོ། །བྱིངས་ཚིག་
ཏུ་
སྒྲུབ་པར་བྱེད་པ་
ནི་
ཏི་ངའི་རྐྱེན་
རྣམས་ཏེ
། །
གྲངས་སུ་ཕྱེ་ན་
བརྒྱ་ཕྲག་གཅིག་དང་བཅོ་བརྒྱད་
ཡོད་
དེ། །
དེ་རྣམས་ནི་
དུས་གསུམ་
གྱི་
དུས་ཀྱི་བྱེ་བྲག་དང༌། །དུས་མིན་པ་
རྗེས་སུ་འདོད་པ་དང༌།
རྣམ་པར་འབྱེད་
པར་བྱེད་
པ་ཡིན་
ཏེ་དེ་བས་ན་ཏི་སོགས་ཀྱི་རྣམ་དབྱེར་གྲགས་སོ
། །མིང་ལས་ཚིག་
ཏུ་
སྒྲུབ་
པར་བྱེད་པ་ནི་
སུ་པའི་རྐྱེན་
རྣམས་ཏེ
། །
གྲངས་སུ་ཕྱེ་ན་
ཉི་ཤུ་
རྩ་
གཅིག་དང་བོད་པ་ཡི། །སྒོ་ནས་ཉི་ཤུ་རྩ་བཞིར་དབྱེ་
བ་ཡོད་དོ
། །
དེ་རྣམས་ནི་དང་པོ་གསུམ
་ངོ་བོ་
དང་གཉིས་པ་གསུམ་
ལས་དང་
གསུམ་པ་གསུམ
་བྱེད་པ་དང༌། །
བཞི་པ་གསུམ་
དགོས་ཆེད་དང་ནི་
ལྔ་པ་གསུམ་
འབྱུང་ཁུངས་དང༌། །
དྲུག་པ་གསུམ་
འབྲེལ་པ་དང་
བདུན་པ་གསུམ་
ནི་གནས་གཞི་དང༌། །
སླར་དང་པོ་གསུམ་ནི་
བོད་པའི་ཁྱད་པར་སྟོན་
པ་
པ་སོགས་
པའི
། །དོན་
རྣམས་
རྣམ་
པར་
དབྱེ་
བའི་
ཕྱིར་རྣམ་དབྱེར་གྲགས་
སོ
། གཞན་ཡང་
རྐྱེན་གྱི
་བྱེ་བྲག་
ནི་
བྱིངས་འགའ་ཞིག །བྱིངས་གཞན་
དུ
་སྒྲུབ་
པ་
དང་མིང་བྱིངས་
སུ་
སྒྲུབ་
པ་དང་
། །མིང་ལས་མིང་གཞན་སྒྲུབ་པའི་རྐྱེན་
ཡང་འགའ་ཞིག་ཡོད་དེ་གང་ཞེ་ན་བྱིངས་བྱིངས་སུ་སྒྲུབ་པའི་རྐྱེན
། །སན་
མིང་བྱིངས་སུ་སྒྲུབ་པའི་རྐྱེན་
དང་ཡིན་
དང་
སོགས་
པའི་སྒྲས་ཀཱ་རྒྱ་དང༌། ཨཱ་ཡི་དང་ཨི་ན་ཀཱ་རི་ཏའོ། །
དེ་ཕན་
གྱི་རྐྱེན་རྣམས་དང་
སོགས་
པའི་སྒྲས་མོ་རྟགས་བསྒྲུབ་པའི་རྐྱེན་རྣམས་སོ
། །རང་བཞིན་དང་ནི་རྐྱེན་གྱི་བར་
དུ
། །འཇུག་
པར་
བྱེད་
པའི་བར་རྐྱེན་
ཨཱ་ག་མ་
ཞེས་པ་གློ་བུར་བ་
དང་ནི། །བར་རྐྱེན་གཞན་ཡང་དངོས་པོ་དང༌། །ལས་དང་བྱེད་པའི་དོན་
དུ་
གྱུར་པ་
རྒྱས་པར་ཀུན་བཤད་ལེའུ་གཉིས་པ་ནས་བཤད་པ་སོགས་རྟོགས་པར་བྱ
འོ། །རྣམ་འགྱུར་དག་ནི་
གང་ཞེ་ན་
རང་བཞིན་ལ། །བརྟེན་ནས་རྐྱེན་
གྱི་ལུས་
རྣམ་
པར་
འགྱུར་བ་དང༌། །རྐྱེན་ལས་རང་བཞིན་
རྣམ་པར་
འགྱུར་བ་དང༌། །ཚིག་མཚམས་སྦྱོར་བའི་རྣམ་འགྱུར་
ལ་སོགས་པ་
ཡང་
ངོ་
། །བསྡུ་བའི་རིགས་ནི་ལས་འཛིན་
གྱི་བསྡུ་བ་
དང༌། །བ་གཉིས་