[A:༡༩༨]པ
འི་བསྡུ་བ་
དང་དེའི་སྐྱེ་བུའི་བསྡུ་བ་དང་
། །འབྲུ་མང་པོ་པའི་བསྡུ་བ་
དང་ཟླས་དབྱེའི་བསྡུ་བ་
དང༌། །མི་ཟད་པ་པའི་བསྡུ་བ་
སྟེ་དྲུག་ཏུ་ཀ་ལཱ་པ་
བགྲང་པའོ
། །ཡང་ན་གཞི་མཐུན་གྱི་བསྡུ་བ་དང་
གྲངས་སྔ་མ་
ཅན་གྱི་བསྡུ་བ་དང་
། །བྱེད་ཅན་
དྲུག་གི་བསྡུ་བ་དང་
གཞན་གྱི་
དོན་གྱི་བསྡུ་བ་དང་
རང་གི་དོན་གྱི་བསྡུ་བ་དང་
། །གྲངས་མེད་ཀྱི་བསྡུ་བ་
ཞེས་ཙནྡྲ་པ་ལས་
བོད་ཅིང་
གཞན་ཡང་སྨྲ་སྒོ་
ལས་ནི་བསྡུ་བའི་རིགས་
བཅུར་བཤད་དོ
། །དེ་ལྟར་
བསྡུ་བའི་རིགས་རྣམས་ནི་
རྣམ་འགྱུར་ཡིན་ནོ
། །སྒྲ་འི་
ཁམས་གཞན་དུ་བསྒྱུར་བར་བྱེད་པ་
ལ། །བྱིངས་དང་མིང་གི་སྔོན་དུ་ཡང༌། །ཉེར་པྲ་ལ་སོགས་པའི་
བསྒྱུར་ཉི་ཤུ་བཤད་པ་
སོགས་ཀྱིས། །སྒྲ་
རིག་པའི་
ཚུལ་འདི་ཡི་ཆར་ཡང་ངོ་ཞེས་པ་སྙིང་པོའོ
། །སྔོན་གྱི་སློབ་དཔོན་སརྦ་ཛྙཱས། །མཁྱེན་པའི་སྒྲ་རིག་རྒྱ་མཚོ་ཆེ། །འཐུངས་པའི་དྲང་སྲོང་
རི་བྱི་འདིར་ཤར་གྱི། །དེ་བས་ན་སེམས་ཅན་
ཀུན་གྱི་
ཡིད་ཆུ་བོ་རྙོག་མ་
དང་བྲལ་བར་བྱས་སོ
། །དོན་ལ་ལོག་པར་རྟོག་པ་གྲུབ་པའི་མཐའ། །རྟགས་གསལ་ཁྱབ་པ་
འཁོར་གསུམ་ཚང་བའི་རིག་པས་ཚར་བཅད་ནས། །ཚད་མར་གྱུར་པའི་ཡང་དག་འོད་བཟང་བ། །སྣང་བ་དམ་པའི་ནོར་གྱིས་ཕྱུག་ཕྱིར་དུ། །མངོན་སུམ་གྱི་ལེའུ་དང་
རང་དོན་རྗེས་དཔག་གི་ལེའུ་དང་
གཞན་དོན་རྗེས་དཔག་གི་ལེའུ་
གཉིས། གཞན་སེལ་གྱི་ལེའུ་དང་
དཔེ་དང་དཔེ་ལྟར་སྣང་བརྟག་པའི་ལེའུ་དང་
ལྟག་ཆོད་རྣམ་པ་དྲུག །བརྗོད་བྱའི་གཙོ་བོར་སྟོན་པ་གཞུང་ཀུན་ལས། །རྗོད་བྱེད་ཉུང་ངུར་བཏུས་པ་ལ་
ཚད་མའི་མདོ་ཞེས་གྲགས་སོ
། །རང་དོན་ཚད་མས་གཞལ་བྱ་མངོན་གྱུར་དང༌། །ཅུང་ཟད་ལྐོག་གྱུར་དང་
ཤིན་ཏུ་ལྐོག་ཏུ་
གྱུར་པ་སྟེ
། །དཔྱད་གསུམ་དག་པ་མཁས་པའི་ལོངས་སྤྱོད་ཀྱི་མཚོ་ འཇིང་ཆེན་པོ
། །ལེགས་བཤད་བཏུང་བ་འཇོ་ཞིང་སྟེར་བའི་ཐབས། །མངོན་སུམ་དང་
རྗེས་དཔག་དང་
སྒྲུབ་ངག་དང་
སུན་འབྱིན་དང་
བཞི་པོ་རེ་རེ་ལ
། །ལྟར་སྣང་རེ་སྟེ་མངོན་སུམ་དང་རྗེས་དཔག་གཉིས་ཀྱི་
བདག་གཞན་རིག་པར་བྱེད་པའོ
། །དེ་ལྟར་
ཕྱེ་བས་རྟོག་གེའི་ཚིག་དོན་ཆེན་པོ་བརྒྱད་དུ་གྲགས་སོ
། །རིག་ལམ་འདི་ཡི་བརྗོད་བྱའི་གཙོར་གྱུར་པ། །མུ་སྟེགས་བྱེད་རྣམས་ཀྱི་
འདོད་པའི་ཞེན་ལྟ་ལ། །སྙིང་པོ་མེད་པར་རྟོགས་པའི་ཆོས་འདི་ནི། །ཚད་མ་སྟེ་