[A:༡༩༩]འགྲོ་
བ་རྣམས་
ལ་ཕན་པ་བཞེད་པའི་ཁུར་ཆེན་པོ
། །གཟུགས་ཅན་བཞིན་དུ་ལེགས་པར་ཁྱེར་བ་ཅན། །གཏན་ཚིགས་རིག་པར་སྨྲ་བ་
ལ་སྐྱེ་བའི་ཟླ་བའམ
། །མཚུངས་ན་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡང༌། །རང་ཉིད་
མཁས་པ་ཡ་མེད་གཅིག་པུའི་ང་རྒྱལ་གྱི་
གཞུུ་གྱོང་པོ་དེ
། །འགུགས་བྱེད་ཡོན་ཏན་ཆེན་པོའི་
རྒྱུད་དུ་གྱུར་པ་ས་སྐྱ་པཎྜི་ཏ་དེ་ཉིད་
ཀྱིས་འདི་ན་ཤིས་པར་བྱས་སོ
། །དེ་བཞིན་གཤེགས་པའི་གསུང་མི་འཇིགས་པ་
སེང་གེའི་སྒྲས། །བསྟན་པའི་སྙིང་པོ་ནང་རིག་པ། །འདི་ཉིད་
གཅིག་པུའི་ཤེས་པས་ཆོས་ཐམས་ཅད། །ཡང་དག་པར་
རྟོགས་པའི་དབྱིངས་ཟབ་མོ་
སྟེར་བར་བྱེད་པ
། །ཐར་པའི་ལམ་གསུམ་བགྲོད་པ་ལ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབས་པ་
སྐབས་གསུམ་ལྷའི་
ཆུའོ
། །གཙང་མའི་རྦ་རླབས་དེ་ཉིད་
ནམ་མཁའ་ལ། །འཁྱུད་པའི་དམ་པའི་
ཆོས་འདུལ་བའི་
རྒྱ་མཚོ་འཁྱིལ། །ཏིང་འཛིན་སྒྱུ་མ་ཆེན་པོའི་གར། །གཟིགས་མོར་ཉན་པའི་ཕུལ་བྱུང་མདོ། །དྲང་དོན་དང་
ངེས་དོན་
གྱི་སྲང་ལ་ལ་ཆོས་ཐམས་ཅད་ཀྱི་
ངོ་བོ་ཉིད། །གཞལ་ན་ལྕི་བ་
དང་ཡང་བའི་ཁྱད་པར་
མི་སྲིད་དེ་མཉམ་པ་ཉིད
། །ཚེ་ཡི་རྒྱན་དུ་ལྷག་པ་ཡི། །ཤེས་རབ་མཆོག་གི་འོད་བཟུང་བས། །ཉོན་མོངས་པ་གཏི་མུག་གི་
མུན་པ་མི་སྡོད་པ་སྟེ་མི་གནས་པར་བྱེད་
པའི། །ཆོས་དེ་འཇིག་རྟེན་འདིར་མངོན་པ་ཞེས་བྱའོ
། །ལུས་ཀྱི་བུམ་པ་བཟང་པོ་ལ། །ངག་གི་འདོད་པ་ཡང་དག་པར། །འཇོ་བའི་ཁ་རྒྱན་དཔག་གསམ་ཤིང༌། །དར་ལ་བབ་པས་བྱ་བའི་རྒྱུད། །ཕྱི་ནང་མཉམ་ཉིད་དུ་
བྱང་ཆུབ་པའི་
བློའི། །པདྨར་ལོངས་སྤྱོད་རྒྱུད་གཅིག་པའི། །དབང་ལས
་སྐྱེས་པའི་
བུང་བ་རྡོ་རྗེའི་སྲོག །འཆང་བའི་སྦྲང་རྩིའི་དཔལ་ཟ་བ། །ཨེ་མ་ཡེ་ཤེས་ཆེན་པོའི་སྒོ། །མཐའ་ཡས་ལྷ་ཡི་ལམ་རིང་གི་ནམ་མཁའ་དག །
རྗེས་འགྲོ་མཁས་པའི་ཏིང་ངེ་འཛིན། །ཟབ་མོའི་རྣལ་འབྱོར་རྒྱུད་དང་ལྡན། །སྙིང་རྗེ་ཐབས་ཀྱི་རང་བཞིན་དང༌། །ཤེས་རབ་དམ་ཚིག་དཔེ་མེད་མ། །ཟུང་འཇུག་བདེ་བ་ཆེན་པོ་ཡི། །རྒྱལ་པོ་བླ་ན་མེད་པའི་རྒྱུད། །དེ་ལྟར་སྡེ་སྣོད་ཀྱི་དབྱེ་བ་
རྣམ་གསུམ་དང༌། །