R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༠༠
[A:༢༠༠] སྔགས་ཀྱི་ཐེག་པ་རྒྱུད་སྡེ་བཞིས། །འགྲོ་ཀུན་སྙིང་ལ་གནས་པ་ཡི། །སངས་རྒྱས་
ཀྱི་
ཟ་མ་ཏོག་ཁ་ཕྱེ་
བར་མཛད་དོ
། །རབ་དངས་དྲི་མ་མེད་པའི་དབྱངས་ཅན་
གྱི་
ཆབ་
སྟེ་དེ་ཡང་འཛམ་གླིང་ལྷོ་ཕྱོགས་ན་ཚངས་པའི་མཚོ་ཞེས་པ་ལས་ཡི་གེའི་ང་རོ་རང་བྱུང་དུ་འབྱིན་པ་ཞིག་ཡོད་པ་དེ་ལ་སྭ་ར་སྭ་ཏིའི་སྒྲ་ལས་དབྱངས་ཅན་དུ་གྲགས་སོ་ཞེས་བཤད་པས་སོ
། །རང་བྱུང་གི་སྒྲ་དང་དབྱངས་ཀྱི་རྒྱལ་མོའི་གླུ། །སྙན་པའི་ངག་གི་རིག་བྱེད་རྣ་བའི་བཅུད། །བདུད་རྩིའི་དོག་པ་དྲི་ཟའི་ཕང་
དུ་
འགྲོ་བ
ར་བྱེད་པ
། །དེ་ཡང་
གཞུང་གི་སྒོ་ནས་
ལུས་ཀྱི་དབྱེ་བ་རྣམ་གསུམ་དུ། །བཤད་
པར་
བྱ་
བ་ནི་
ཚིགས་བཅད་
དང་
ལྷུགས་པ་
དང་
སྤེལ་མ་ཉིད་
དང་གསུམ་མོ
། །
ལུས་
སྐད་རིགས་
ཀྱི་
དབྱེ་བས་ལེགས་སྦྱར་
དང་
རང་བཞིན་དང༌། །ཟུར་ཆག་
དང་
འདྲེན་མའི་སྒོ་ནས་བཞིར་ཕྱེ་བ
འོ
། །
ལུས་
སྦྱོར་ཚུལ་
གྱི་སྒོ་ནས་
སྒེག་
པ་ལ་
སོགས་
པ་
བལྟ་བའི་འདྲེན་བྱེད་ཀྱི། །རྗེས་
སུ་
འབྲེལ་
བའི་
ལོངས་ལ་སྤྱོད་པའི་དོན་ཅན་དང༌། །དེ་ལས་ཅིག་ཤོས་
སུ་གྱུར་པ་
མཉན་པར་བྱ་བ་ཡིས། །རྣ་བའི་དབང་པོ་རབ་དགའ་ལྡན་པས་
དབྱེ་བ་
གཉིས་
སོ
། །ལུས་དེ་མཛེས་པའི་ཆོས་སུ་རང་བཞིན་
གྱི་རྒྱན་
དང༌། །འཁྱོག་པོར་བརྗོད་པ
འི་རྒྱན་
གཉིས་ལས་བྱེ་བྲག་ཏུ་
ཕྱེ་ན
། །ཤར་
པ་དང་
ལྷོ་
འི་མཁས་
པ་
རྣམས་བཞེད་པའི་ཤིང་རྟའི་སྲོལ་
ཆེན་པོ
། །ཐུན་མོང་
དང་
ཐུན་མོང་མིན་པའི་རྒྱན་གྱི་ཕྲེང་
བ་གཉིས་ལས
། །དང་པོར་
ཐུན་མོང་མ་ཡིན་པ་
ལམ་བཟང་རིན་ཆེན་རྣམ་པར་ཕྱེ་
བ་སྟེ་སྦྱར་བ་སོགས་ཡོན་ཏན་གྱི་ཁྱད་པར་བཅུ་བཤད་ཅིང་
། །དེ་ནས་
ཐུན་མོང་དུ་
དོན་བཟང་འབྲས་བུས་དུད་པའི་རྒྱན་
སུམ་ཅུ་རྩ་ལྔ་དང་
། །མི་ཟད་
པ་
སྒྲ
འི་རྒྱན་
དང་གབ་ཚིག་སྦས་པའི་
རྒྱན་གྱི་
མངལ། །
མ་ལུས་པ་
རྫོགས་པའི་མགྲིན་པར་སྤ་བའི་རྒྱན་དམ་པ
འོ
། །
དོན་ཉམས་སོགས་
སྐྱོན་བཅུ་སྤོང་བ་ཕུན་སུམ་ཚོགས་པའི་སྒོ། །ཡོང་ཡེ་གདངས་པའི་ནང་དུ་སྙན་ངག་གི །གཙུག་ལག་རྒྱུག་པའི་སྒྲ་འདི་ཚིག་མཐའ་ཡས། །ལེགས་པའི་རྒྱན་གྱི་འཁོར་ལོའི་མཛོད་དུ་གྱུར། །ཡི་གེ་རབ་གསལ་ཚིག་དང་ལྷན་ཅིག་ཏུ། །འགྲོག་པའི་དམ་ཚིག་གང་ཞིག་བག་མེད་པར། །མི་འཕྱན་སྡེབས་དང་སྦྱོར་བའི་མཚན་ཉིད་བརྟེན། །ཚིགས་བཅད་རྐང་པ་བཞི་པ་དེ་ལ་ཡང༌།