[A:༢༠༡] །བྲྀཏྟ་ཛཱ་ཏིས་རྣམ་པར་ཕྱེ་བ་གཉིས། །དབྱངས་
དང་
བཅས་པའི་
ཡི་གེ་བགྲང་བ་ནི་
བྲྀཏྟ་སྟེ། །དེ་ཡང་
མཉམ་པའི་བྲྀཏྟ་
དང་ཕྱེད་མཉམ་པའི་བྲྀཏྟ་དང་
མི་མཉམ་པའི་བྲྀཏྟ་རྣམས་
རིམ་པ་བཞིན་དུ
། །དབུས་ཕྲ་སོགས་དང་
ཉེར་བཀྲ་སོགས་དང་ཁ་སྒོ་ལ་
སོགས་པ་རྣམས་སོ
། །ཕྱི་མོ་བགྲང་བ་ནི་
ཛཱ་ཏིར་འགྱུར་ཏེ་དེ་ཡང་
དབྱངས། །ཐུང་བ་ཨ་ཨི་ཨུ་རི་ལི་རྣམས་
ཕྱི་མོ་གཅིག་པ་དང་
རིང་བ་ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨོ་རྣམས་ཕྱི་མོ་ཀ་ལཱ་པ་ལས་ལྀ་ཡིག་ལ་ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས་མ་གཏོགས་རིང་པོ་མ་བཤད་དོ་
གཉིས་པ་དང་
། །ཤིན་ཏུ་རིང་བ་ཨཱ྅ཨཱི྅ཨཱུ྅རཱྀ྅ལཱྀ྅ཨེ྅ཨོ྅ཨཻ་ ཨཽ་ ལ་སོགས་པ་རྣམས་ཕྱི་མོ་
གསུམ་མོ་དབྱེ་ན་
འཕགས་མ་དང༌། །རོ་ལངས་ཅན་དང་ཕྱི་མོ་མཉམ་པའོ། །རྒྱལ་དང་རྒྱལ་སྲས་སློབ་མར་བཅས་པ་རྣམས་
དང་དེ་དག་གི་གདུལ་བྱ་
ཞིང༌། །ས་འོག་དང་
ས་སྟེངས་དང་
ས་བླའི་འཇིག་རྟེན་གྱི་
ཁམས། །མདོར་ན་
རིགས་དྲུག་འཁོར་ལོར་བསྡུས་པའི་འགྲོ་བ་ལ་
སོགས་པ
། །དོན་གཅིག་ལ་
མིང་མང་འཇུག་པ་དང་
མིང་གཅིག་ལ་
དོན་མང་པོ་
འཇུག་པར་བསྟན་ཅིང་
། །མིང་
ཀུན་ཀྱང་འདོད་རྒྱལ་ནི་
ཐོག་མའི་སྒྲས་བརྗོད་པ་
དངོས་ཀྱི་མིང་དང་
། །རྗེས་སྒྲུབ་བཏགས་པའི་མིང་སྟེ་གཉིས་སུ་བོད་དོ
། །བཏགས་པའི་མིང་ལ་འདྲ་བ་རྒྱུ་མཚན་དུ་བཀོད་པ་
དང༌། འབྲེལ་པ་རྒྱུ་མཚན་དག་ཏུ་བཀོད་པ་གཉིས་
ལས། །ཕྱི་མ་འབྲེལ་པ་རྒྱུ་མཚན་དུ་བཀོད་པ་ལ་ནི་
རྒྱུ་ལ་འབྲས་བུའི་མིང་བཏགས་པ་
དང་འབྲས་བུ་ལ་
རྒྱུར་བཏག་པ་དང་
། །ཕྱོགས་ལ་ཕྱོགས་ཅན་དང་
ཆ་ཤས་ཀྱི་མིང་བཏགས་པའམ་
ལ་ཚོགས་པའི་མིང་བཏགས་པ་དང་
། །རྟེན་ལ་བརྟེན་པར་བཏགས་པ་དང་
དེ་བཞིན་དུ་དངོས་ལ་
ལྡོག་པ་ཡི། །མིང་གིས་
བཏགས་པ་ལ་སོགས་མངོན་པར་བརྗོད་པའི་མིང་རྒྱས་པར་བཤད་པ་རྣམས་སོ
། །མདོ་འཛིན་པ་དང་
ཆས་སུ་
འཇུག་པ་དང༌། བཞད་གད་དང་
རོལ་མོའི་སྒྲ་དང་
། །ལུས་ཀྱི་འགྱུར་བག་དང་
ངག་གི་སྦྱོར་བ་དང༌། །དྲང་སྲོང་སོགས་
དབྱངས་བདུན་འཁོར་ཉན་ཁྱུ་མཆོག་ས་འཛིན་དང༌། །དྲུག་སྐྱས་བར་མ་བློ་གསལ་དང༌། ལྔ་པ་ཞེས་པ་འདི་རྣམས་བདུན་ཏེ།
རྗེས་སུ་སྐྱེས་པའི་འདྲེན་པ་ཉིད། །དཀྱུས་གཅིག་སྦྱར་དང་དཀྱུས་གཉིས་ཕྱེད་ཕྱི་མ། །གཞན་ཡང་གྲོང་གསུམ་རྒྱལ་བ་ཉི་ཤུ་གཅིག །ལྟ་ན་བཞི་བཅུ་རྩ་དགུ་ལ་སོགས་པ། །ཟློས་གར་མཚན་ཉིད་གཅིག་ལའང་སྐད་རིགས་བཞིའི། །སྒོ་ནས་དབྱངས་ཀྱི་ཉམས་འགྱུར་