[A:༢༠༢]བརྒྱ་ཡིས་ཕྱུག །ཤེས་བྱ
འི་མཐའ་
ནམ་མཁའི་མཐའ་ཡིས་ཀྱང་
མ་ཐུབ་པའི་ཤིན་ཏུ་རྒྱ་ཆེ་བ་དེ
། །ས་སྐྱ་པཎྜི་ཏ་དེའི་
མཆོག་གི་ཤེས་རབ་འདི་ཡིས་མཐའ་ཅན་དུ། །ངེས་པའི་འཁོར་བ་དེ་ཉིད་
འཇིག་པར་དོགས་
པས་སྐྲག་པ་ལ། །ཆོ་འཕྲུལ་གནས་ལྔའི་རིག་པ་དགའ་ཞིང་ཕུལ་དུ་བྱུང་བའི་རབ་རྟོག་གི་རྒྱན་
དགོད་པ་བཞིན་ནོ
། །ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་པའི། །སྤང་བྱ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ། །བྱེད་པ་དེ་ཡང་སོ་སོར་རྟོག་པ་ཡི། །ཡེ་ཤེས་ཕུང་པོས་མཐོ་ཁྱོད་ཐམས་ཅད་མཁྱེན་པ་ཉིད་དོ
། །ཆོས་ཐམས་ཅད
་དེ་ཉིད་གཟིགས་པ་དངར་དང་རབ་ཏུ་རྒྱས་པའི་འཁྲི་ཤིང་ཀུན་དགའི་དཔྱིད། །ཡ་མཚན་ཡལ་ག་སྟོང་གིས་བྲེས་པའི་ཡོན་ཏན་བསྐལ་པ་བཟང་པོའི་མཐའ། །རྒྱལ་བ་རྣམས་ཀྱི་སྤོང་བ་མིན་པའི་གནས་ལ་བྱང་ཆུབ་གྲིབ་བསིལ་བ། །བལྟ་ན་སྡུག་པའི་ཆ་ཤས་ཙམ་མོ་ཡོངས་སུ་རྫོགས་པར་བརྗོད་ནུས་སུ། །དེ་ལྟར་རིག་ཚོགས་ཁ་བ་ཡི། །འཛུམ་ལྡན་གངྒཱའི་དཔལ་མོ་ནི། །སྤྲོས་པའི་རྒྱུན་དག་འཇིག་རྟེན་འདིའི། །སྙིང་ལ་རེག་པ་རྣམ་པར་དག་པའོ
། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། རིག་པའི་གནས་ཆེན་པོ་ལྔ་ཡན་ལག་དང་བཅས་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་སརྒ་དེ་ལྔ་པའོ།། །།གང་ཞིག་
མཆོག་གི་ཁྱད་པར་ཉིད་ལ་རེག་མཆོག་
ན་དེ་ཡི་ཡོན་ཏན་ཆ་ཤས་ཀྱིས། །འགྲོ་བ་
དམན་པ་དག་ཀྱང་དམན་པའི་གནས་རྣམས་བོར་ནས
་བསྔགས་པར་
འོས་པའི་གནས་
ལ་འགོད་པ་ནི་སྐྱེས་བུ་
མཐུ་ཆེན་རྣམས་ཀྱི་བྱེད་པའི་ཕུལ་ཡིན་ཏེ
། །ལྷོ་ཕྱོགས་
མ་ལ་ཡར་ཉེ་བའི་
ཕལ་གྱི་ཤིང་ཡང་རྐང་འཐུང་བཟང་པོའི་དྲི་བསུང་གི་
ངད། འཆང་བར་བྱེད་པའི་ནུས་པ་རབ་ཏུ་
མཐོ་བ་དང་ལྡན་པའི
་ཙནྡན་གྱི་ལྗོན་པ་
དེ་དག་རྒྱལ་བར་
གྱུར་ཅིག་ཟླ་བ་དངོས་པོའི་དཔེ་རྒྱན
། །བསོད་ནམས་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་ཀྱི་
ཚོགས་གསུམ་ཡུལ་ལ་གང་སྲིད་སྐབས་གསུམ་གྱི་ལྷའི། །དཔལ་གྱི་འོད་སྣང་གཅིག་ཏུ་འདུས་པའི་གཟུགས་ཤིན་ཏུ་མཛེས་པ
། །དེ་ལ་ཆེར་རློམ་ཚངས་ཆེན་ཁེངས་པ་ཡང༌། །