[A:༢༡༢]རླབས་
དང་
ཆུ་ཡི་ཟེགས་མ་དག་ནི
། །སྐྲུན་བྱེད་ཉེ་བར་ལེན་པའི་བྱེད་པ་པོ་
བདུད་རྩིའི་ཆུ་གཏེར་ཡིན་པ་
བཞིན་དུ
། །སྲིད་དང་སྲིད་པ་བྲལ་ཇི་སྙེད་པ་ཐམས་ཅད
། །ཉེ་བར་ལེན་པའི་
བྱེད་པོ་གཙོ་བོ་
གཅིག་གིས་སྒྲུབས་སོ་
ཞེས་ཟེར་བ་ལ་
ཟེར། །ལན་མཛད་པ་
ཉེ་བར་ལེན་པའི་རྒྱུ་གཅིག་ལས། །འགལ་བའི་འབྲས་བུ་འཁོར་བ་དང་མྱ་ངན་ལས་འདས་པ་
གཉིས་འབྱུང་བ། །འདི་ཀོ་མི་འཐད་དེ་མྱ་ངན་ལས་འདས་པ་ནི་ཐར་པ་དོན་དམ་དང༌། འཁོར་བ་ནི་ཀུན་རྫོབ་ཟག་བཅས་ཡིན་པའི་ཕྱིར། དཔེར་ན་རྒྱུ་
མེ་ལས་འབྲས་བུ་
བསིལ་བ་དང༌། །མ་
ཁུ་བྱུག་གི་
བུ་ལ་བྱེ་ཁྲ་མི་འབྱུང་བ་
བཞིན་ནོ
། །ཞེས་པ་རིགས་པར་ལྡན་པའི་གསུང་
ཚིག །སྨྲ་བའི་མཆོག་གི་རལ་གྲི་རྣོན་པོ་
ཡིས། །འཁྲི་ཤིང་གཡོ་བའི་ལྕེ་དང་
ལྡན་པས། །འཁྲུལ་པས་ལོག་
པར་ལྟ་བའི་དྲ་བ་ཚང་ཚིང་དེ་དག་
བཅད། །ཡང་ཁོ་ན་རེ་
སིམ་པ་
དང་བར་མར་ཉམས་སུ་
མྱོང་བ་ཡི། །ཚོར་བ་
བདེ་བ་
དང་བཏང་སྙོམས་ལ་
སོགས་ཀྱི་བློ་རྣམས་ནི
། །སེམས་མེད་པའི་
བེམས་པོ་ཐོགས་བཅས་ཀྱི། །དངོས་པོར་འདོད་པ་ངེད་གྲངས་ཅན་པ་
ཀྱི་ལུགས། །ཡང་ནི་མཁས་པས་ལན་བཏབ་པ། །ཡིད་བདེ་སེམས་ཀྱི་རང་བཞིན་ཏེ། །རང་ཡུལ་རིག་དང་རང་ཡུལ་
མྱོང་བ་དང༌། །རང་གི་དེ་མ་ཐག་འབྲས་
ངེས་པའི་ཤེས་པ་འདྲེན་པར་བྱེད་པའི་
ཕྱིར་རོ། །ཚོར་བའི་བློ་དེ་སེམས་མེད་ཉིད། །མིན་པའི་སྒྲུབ་བྱེད་སྙིང་གི་དབུས། །ཁོ་བོས་འཕངས་པའི་
རིགས་པས་ཕུག་པའི་ཟུག་རྔུ་ཡི། །ཚོར་བའི་ངང་ཚུལ་བཏང་མི་ཕོད། །ཡང་ཁོ་ན་རེ་
ཡིད་བདེ་ཤེས་པ་ཉིད་མིན་ཏེ། །ཁྱེད་སངས་རྒྱས་པ་
ཉིད་རང་ཁས་ལེན་གཞུང་ལུགས་ཀྱི། །ངེས་པ་ལས་བཤད་མཐོང་ཕྱིར་དང༌། །དེ་ཡང་འདོར་བར་མི་རིགས་ལོ། །ལན་མཛད་པ་
འདི་ན་འཆིང་བ་བརྒྱ་ལྡན་པའི། །བྱིས་པ་རྣམས་ཀྱི་དཔྱད་བྱ་བ། །ཡུལ་གང་ཅུང་ཟད་ལྐོག་གྱུར་ལ། །མཐའ་གཅིག་ཏུ་
ལུང་གི་སྒྲུབ་བྱེད་འཇུག་པ་མིན། །དཔེར་ན་ཕོ་བྲང་
རྟ་བབས་སྒོ་བཞིའི་ཐེམ་སྐས་ལས། །རིམ་གྱིས་ནང་དུ་འགྲོ་བ་ལྟར། །མངོན་གྱུར་ལ་དཔྱོད་པའི་དུས་སུ་མངོན་སུམ་གྱི་གནོད་པ་མེད་པ། ཅུང་ཟད་ལྐོག་གྱུར་ལ་དཔྱོད་པའི་དུས་སུ་དངོས་སྟོབས་རྗེས་དཔག་གི་གནོད་པ་མེད་པ། ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པའི་དུས་སུ་ལུང་རྣམ་དག་གི་གནོད་པ་མེད་པའི་
དཔྱད་གསུམ་དག་བྱེད་ཀྱིས་སྦྱངས་ན། །ལུང་དེས་འདོད་པའི་འབྲས་བུ་འབྱིན། །ཡང་ཁོ་ན་རེ་
རྒྱུ་དང་རྐྱེན་གྱི་གཞན་དབང་ཅན་དུ་གྱུར་པ་དང་
།