[A:༢༡༣] །
རིག་པས་
མ་བརྟགས་པར་
རྡོས་བཅས་ཕྱི་རོལ་གཟུགས་སྒྲ་སོགས
། །རྒྱུན་གྱི་སྒོ་ནས་
རྟག་པའི་རང་བཞིན་ཉིད་ཡིན་ཏེ། །གཙོ་བོའི་གནས་ཚུལ་མི་འདོར་བར་གནས་པའི་ཕྱིར་
ལོ། །ལན་མཛད་པ་དཔེར་ན་
ས་ཧཱ་ཀ་རའི་སྙེ་མ་དང༌། །དུག་ཤིང་ངོ་བོ་
གཅིག་ཏུ་མི་སྲིད་ལྟར། །འདུས་བྱས་དང་ནི་མི་འགྱུར་བའི། །དངོས་དེ་ངོ་བོ་
གཅིག་ཏུ་གནས་པ་
ག་ལ་སྲིད། །རྟག་འཛིན་གཉིད་དུ་ཞེན་པའི་ཡུལ། །མི་རྟག་པར་ངེས་དཔེར་མཚོན་བྱེད། །རྒོལ་བ་རང་གི་ཁར་འབྱིན་པའི། །གཞུང་ལུགས་ཧྲུལ་པོར་འཇིག་པར་མཛད། །ཡང་ཁོ་ན་རེ་དཔེར་ན་
བུར་ཤིང་དང་ནི་དེའི་མངར་བ། །དང་པོར་ཆབ་གཅིག་སྐྱེ་བ་བཞིན། །རྒྱུ་དང་འབྲས་བུ་གཉིས་ཀ་ཡང༌། །གཙོ་བོའི་ངང་དུ་རོ་གཅིག་ཟེར། །ལན་མཛད་པ་
འོ་ན་ཉིན་མོའི་སྣང་བ་ཡིས། །ཕྱོགས་ཀུན་གསལ་བར་བྱས་དེའི་ཚེ། །མཚན་དུས་སྔོ་སངས་ཟླ་བའི་གདོང༌། །རྒྱུ་སྐར་ཕྲེང་བ་ཅིས་མི་ངོམ། །ཙུ་ཏའི་འབྲས་བཟང་གཡུར་ཟ་བ། །དྲི་ལྡན་སྦྲང་མ་རོལ་བའི་གར། །དུས་དེར་དེ་ཡི་ས་བོན་གྱི། །དངོས་པོའང་མངོན་སུམ་སྣང་བར་རིགས། །སྔར་འདས་ལང་ཚོའི་རི་དྭགས་མིག །གཞོན་ནུ་སེམས་ཀྱི་ཆོམ་རྐུན་དེ། །དེ་རིང་གདོང་གཉེར་སྨིན་མའི་འཁྱོག །ལྷན་ཅིག་ཡ་མཚན་སྟོན་པར་འོས། །དེ་བས་ཁྱོད་ཀྱི་
གྲུབ་མཐའ་ངན་པའི་གདོན་ཆེན་པོ། །རང་ཉིད་སྲེག་བྱེད་གནམ་ལྕགས་མེ། །གཟུང་དཀའ་བཟུང་ཡང་ངལ་བསྐྱེད་པ། །དེ་བས་གྲུབ་མཐའ་ངན་པ་དེ་
ཐོང་ལ་ཚུར་ཤོག་རིགས་པར་སྨྲོས། །ཡང་ཁོ་ན་རེ་
ཐར་པ་གདུགས་དཀར་གྲིབ་མའི་རྩིབས། །གཡོ་ལྡན་འཁོར་བའི་གདུང་སེལ་བ། །ཐོབ་ཚེ་མིག་སོགས་བློའི་དབང་པོ་ལྔ་དང༌། སྨྲ་བའི་ལས་ལ་དབང་བྱེད་པ་ངག་གི་དབང་པོ་དང༌། འགྲོ་བའི་ལས་ལ་དབང་བྱེད་པ་རྐང་པའི་དབང་པོ་དང༌། སྟེར་བ་ལ་དབང་བྱེད་པ་ལག་པའི་དབང་པོ་དང༌། བཤང་བའི་ལས་ལ་དབང་བྱེད་པའི་འཕངས་ཀྱི་དབང་པོ་དང༌། འཁྲིག་པའི་ལས་ལ་དབང་བྱེད་པ་མདོམས་ཀྱི་དབང་པོ་དང༌། ལས་ཀྱི་དབང་པོ་ལྔ་དང་གཉིས་ཀའི་བདག་ཉིད་ཅན་ཡིད་ཀྱི་དབང་པོ་སྟེ་དབང་པོ་བཅུ་གཅིག་དང་ས་སོགས་འབྱུང་བ་ལྔ་སྟེ་
རྣམ་པར་འགྱུར་བའི་ཚོགས་བཅུ་དྲུག་པོ་དེ་རྣམས
། །བྱེད་པོ་ གཙོ་བོ
འི་ངང་དུ་ཐིམ་མོ་ལོ། །ལན་མཛད་པ་
དུས་ཀྱི་རྒྱལ་མོ་སྐྱེད་བྱེད་དབྱར། །རྒྱགས་པའི་ལང་ཚོ་མ་ཡོལ་བ། །དེ་སྲིད་ལེགས་ལྡན་སྟོན་ཀ་ཡི། །ངོ་མཚར་དུས་སྟོན་ག་ལ་རྫོགས། །དེས་ན་རྒྱུ་ནི་མ་འགགས་པར། །འབྲས་བུ་འཇིག་པར་འགྱུར་བ་