[A:༢༡༤]མིན། །རྣམ་འགྱུར་འབྲས་བུ་འདི་གང་དག །རང་རྒྱུ་ལས་ཡིན་གཙོ་བོས་མིན། །གྲུབ་པ་རྣམས་ཀྱི་དྲི་མེད་ངག །རྣམ་དག་རིག་པའི་རྗེས་འགྲོ་བའི། །གཏམ་ཕྲེང་རྣ་བར་འཛིན་བཟོད་པ། །དེ་འདྲ་སྐལ་བཟང་བསོད་ནམས་མཐུུ་
ཡིན་ནོ་གསུང་
། །དེ་ནས་ཁོ་ན་རེ་
རང་སེམས་རི་དགས་ཀྱི། །ཕྲུ་གུ་འདུ་འཛིའི་གྲོང་ཁྱེར་ལས། །ཐོན་ཏེ་ཞི་བའི་སྨན་ལྗོངས་སུ། །སྣུམ་ལྗང་གྲིབ་མའི་གཞིར་འདུག་སྟེ། །སྔོན་གྱི་དྲང་སྲོང་གིས་བཤད་པའི། །གཙུག་ལག་ཐོས་བསམ་མིན་ཀྱང་བླ། །དཀའ་ཐུབ་བརྟུལ་ཞུགས་འདིས་གནས་ན། །དེ་ལ་ཡང་སྲིད་མེད་མདོ་ཟེར། །ལན་མཛད་པ་
ཡི་དྭགས་ལྟ་བུར་ཚིག་པའི་ལུས། །དཀའ་ཐུབ་ཉག་གཅིག་སྤྱད་ཀྱང་སེམས། །ནང་གི་དེ་ཉིད་མི་ལྡན་ན། །ཉོན་མོངས་རྒྱུ་ལ་ཅི་སྟེ་གནོད། །དེས་ན་
དཀའ་བ་མེད་པར་མཆོག་ཞི་བའི། །གནས་དེར་རིང་མིན་བགྲོད་པའི་ཐབས། །རྨད་བྱུང་ཤིང་རྟའི་ལམ་སྤངས་ནས། །ངལ་བ་འབྲས་མེད་དེ་ཅི་བྱ། །ཐལ་འགྱུར་ཡང་དག་ཚིག་རེའི་འོག །ཆོས་མ་ཡིན་རྣམས་འགྱེལ་རྗེས་ཀྱི། །རི་མོ་དེ་ནི་ཁོ་རང་གི་རིགས་ཀྱི་
བརྒྱུད་པའི་བྱེད་པོས་ཀྱང༌། །བསུབ་ཏུ་མེད་པའི་ཡུལ་ལ་བཀོད། །ཡང་ཁོ་ན་རེ་དྲང་སྲོང་
སེར་སྐྱའི་གཞུང་ལས་རྣམ་བཤད་པའི། །སྤྱིའམ་གཙོ་བོ་བློའམ་ཆེན་པོ་ང་རྒྱལ་དབང་པོ་བཅུ་གཅིག །དེ་ཙམ་ལྔ། འབྱུང་བ་ལྔ། བདག་ཤེས་རིག་གི་སྐྱེས་བུ་སྟེ།
ཤེས་བྱ་ཉི་ཤུ་ལྔ་ཤེས་ན། །ཆ་ལུགས་གང་གིས་གནས་ཀྱང་རུང༌། །གྲོལ་འགྱུར་ཐེ་ཚོམ་མེད་དོ་སྐད། །ལན་མཛད་པ་འོ་ན་དྲང་སྲོང་
བྷ་ར་དྷཱ་ཛས་ཀྱང་ཤེས་བྱ་ཉི་ཤུ་ལྔའི་
ཚུལ་འདི་ལ། །མཁས་པར་བྱས་མོད་དེ་ལྟ་ནའང༌། །དཔྱིད་ལྡན་མར་ཞེས་བྱ་བའི་ལྷ་མོ་
ཆགས་པའི་
འདོད་མེ་ཡི། །སྒྲོག་གིས་འཁོར་བར་བསྡོམས་དེ་ཅི། །འཁྱོག་པོར་ཚིག་གིས་སྒྲུབ་པའི་ངག །འགོག་བདེན་པ་ཊ་ཧ་ཡི་རྔ། །མཚུངས་པ་མེད་པའི་རིག་པ་ཡིས། །བརྡུངས་པའི་སྒྲ་ལ་འཇིགས་སུ་རུང༌། །ཡང་ཁོ་ན་རེ་
ཁྱད་ཆོས་ཆེན་པོ་ལྔ་ནི་ཟ་བ་པོ་ཡིན་པ། རྟག་པའི་དངོས་པོ་ཡིན་པ།