[A:༢༡༥] འབྲས་བུ་སྐྱེད་པ་པོ་ཡིན་པ། བདེ་སྡུག་བཏང་སྙོམས་གསུམ་ཆ་མཉམ་པའི་ཡོན་ཏན་གསུམ་དང་མི་ལྡན་པ། མ་ཁྱབ་པའི་ས་ནས་ཁྱབ་པའི་སར་འགྲོ་བའི་བྱ་བ་མེད་པ་དེ་རྣམས་
དང་ནི། །ཡང་དག་ལྡན་པར་གྱུར་པའི་བདག །འདི་ཉིད་ཁོ་ན་ཤེས་པ་དང༌། །བདེན་པར་གྲུབ་པ་ཡིན་ནོ་ཟེར། །ལན་མཛད་པ་
ཡུལ་དུས་གནས་སྐབས་གང་ན་ཡང༌། །ཁྱད་ཆོས་ལྔ་ལྡན་གྱི་
བདག་དེ་བདེན་པར་ཡོད་མིན་ཏེ། །གཅིག་དང་དུ་མའི་དངོས་པོ་ཡི། །ངོ་བོ་ཉིད་ཀྱི་བཏང་ཕྱིར་རོ། །བླ་ན་མེད་པའི་ཡེ་ཤེས་ཀྱི། །རྡོ་རྗེའི་ཟེགས་མས་འཇིག་ཚོགས་ལ། །ལྟ་བའི་རི་བོ་ཉི་ཤུ་པོ་གང་ཞེ་ན་བདག་གཟུགས་ཡིན་ཏེ་བདག་པོ་འདྲ། །བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ། གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ། གཟུགས་ལ་བདག་གནས་ཏེ་སྣོད་དང་འདྲ། བདག་ཚོར་བ་ཡིན། ཚོར་བ་དང་ལྡན། ཚོར་བ་བདག་གི་ཡིན། ཚོར་བ་ལ་བདག་གནས། བདག་འདུ་ཤེས་ཡིན། བདག་འདུ་ཤེས་དང་ལྡན། འདུ་ཤེས་བདག་གི་ཡིན། འདུ་ཤེས་ལ་བདག་གནས། བདག་འདུ་བྱེད་ཡིན། བདག་འདུ་བྱེད་དང་ལྡན། འདུ་བྱེད་བདག་གི་ཡིན། འདུ་བྱེད་ལ་བདག་གནས། བདག་རྣམ་པར་ཤེས་པ་ཡིན། བདག་རྣམ་པར་ཤེས་པ་དང་ལྡན། རྣམ་པར་ཤེས་པ་བདག་གི་ཡིན། རྣམ་པར་ཤེས་པ་ལ་བདག་གནས་པ་སྟེ་དེ་རྣམས་མ་ལུས་པ།
དབྱིངས་ནས་བསྙིལ་བའི་གསུང་ཚད་མ། །འཇམ་ཡང་འཁོར་བ་འགས་པའི་སྒྲ་དྲག་པོས། །ཟག་བཅས་ལྟ་བ་ངན་པ་ཞར་འབྱུང་དུ། །བཅོམ་པའི་རྒྱལ་རྔ་སྙན་པར་ཁྱབ་པ་གང༌། །ཚད་མེད་ནམ་མཁའི་མཐའ་ལ་བཅས་པར་གྱུར་ཕུལ་བྱུང་གི་རྒྱན
། །ཤེས་རབ་གོ་ཆ་ཅན་དེས་སྙིང་རྗེའི་དབྱངས། བདེན་པས་ལོག་སྨྲ་འཇོམས་པ་ཆོས་ཉིད་ཡིན། །གང་ཚེ་རྩི་ཐོག་སྙིང་པོས་བརླན་གྱུར་པ། །དེ་ཚེ་སྲོག་ཆགས་
སྡིག་པའི་རྭ་ཡང་ཤིན་ཏུ་མཉེན་ཟླ་བོའི་དངོས་པོའི་དཔེ་རྒྱན
། །རང་གི་རྨོངས་པ་ཆེན་པོ་འཕྲོག་བྱེད་ལ། །དགའ་བའི་རང་བཞིན་རྙེད་དང་ཕྱི་རོལ་ཆོས། །བདེན་པ་མེད་པའི་གནས་སུ་དོར་བ་ཡིས། །ང་རྒྱལ་གདོང་པ་སྨད་བྱས་དེ་ན་རེ། །འདྲེན་པ་ཁྱོད་ཀྱི་
དཔུང་པ་གཡས་པའི་རྩེ་ལ་ལྷན་ཅིག་ཏུ། །སྐྱེས་པའི་ལྷ་མཆོག་ཡེ་ཤེས་འཇུག་པ་ཆེ། །མཁའ་དང་དབྱེར་མེད་འགྲོགས་པའི་དུམ་བུ་བཞིན། །སྣང་ལ་རང་བཞིན་མེད་སྔོ་རལ་གྲི་འཛིན། །མཁྱེན་པ་ལ་ནི་སྲིད་དང་ཞི་བའི་མཐས། །དཔག་ཏུ་མེད་པའི་ཆོས་མངོན་མཛད་པ་ཡི། །ངག་གི་དབང་ཕྱུག་གྲུབ་པའི་འདྲེན་