R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༡༦
[A:༢༡༦]པ་ཀྱེ་
ཞེས་བོད་ནས
། །གཞན་གྱིས་མི་ཐུབ་ཁྱོད་རྒྱལ་ང་ཕམ་མོ་
ཞེས་བརྗོད་དེ
། །
དྲང་སྲོང་དེའི་བསམ་པ་ལ་
དུག་གསུམ་ནག་པོའི་སྐྱེ་ས་ཡངས་པའི་སྲིད། །རྡུལ་མུན་སྙིང་གི་སྟོབས་སུ་གསོ་བའི་ལྷས། །མཆོག་གི་དངོས་གྲུབ་ཆེན་པོ་ག་ལ་ཞིག །སེམས་པའི་སྐྱབས་གནས་དེ་ལས་རྒྱབ་ཀྱིས་ཕྱོགས་
པར་བྱས་ནས་སྨྲས་པ
། །རྟག་དང་ཆད་པའི་རི་བོང་མཚན་རིས་སུ། །ལྷུང་བའི་རབ་རིབ་གནས་སྐབས་ངན་པའི་རྟགས། །དུ་མར་ཞེན་པ་མཚན་མོའི་བཤེས་བཏང་ལ། །ནང་གི་ཟླ་བ་དག་པའི་བདེར་མངོན་འགྲོ། །ལས་ཀྱིས་བྲིས་པའི་རི་མོར་མི་འཆར་མེད། །ཕྲག་དོག་དྲག་པོའི་སེམས་ལྡན་སྡིག་པའི་རྒྱུ། །བྱས་པ་དེ་ཡང་དགེ་བའི་གྲོགས་པོ་བཞིན། །ཁྱོད་ལྟ་བསོད་ནམས་ཡངས་པའི་མཐོང་དོན་ཆེ། །སྔོན་སངས་རྒྱས་པ་རྣམས་ཀྱིས་མ་གྲོལ་བའི། །མཐའ་ཡས་སེམས་ཅན་སྲིད་པའི་ལམ་རིང་དུ། །དུབ་པའི་ཁུར་བརྟེན་རྒྱུ་མེད་ཀུན་གྱི་གཉེན། །གྱུར་ལ་སུ་ཞིག་གུས་པའི་ས་མ་ཡིན། །སྤངས་དང་རྟོགས་པ་ཕུལ་དུ་བྱུང་ཚོགས་པ
འི་སངས་རྒྱས་དང་
། །སྐྱོན་མེད་བདེན་པ་དམ་པའི་སྒྲ་ཟབ་ལ་
རྒྱ་ཆེ་བའི་ཆོས་དང་
། །དགེ་བར་སྦྱོར་བའི་བློ་གྲོས་ཟད་མི་ཤེས་
པའི་དགེ་འདུན་ཏེ
། །དཀོན་མཆོག་གསུམ་ལ་ངེས་པར་སྐྱབས་སུ་སོང༌། །མྱ་ངན་འགྲོ་བའི་དུག་འཕྲོག་ཐར་པའི་དཔལ། །འབྱོར་པ་འཆི་མེད་རྟག་པའི་རོ་བྲོ་བ། །རབ་ཞི་བདུད་རྩིས་དབང་བསྐུར་ཁྱོད་བསྟན་སྒོར། །འཇུག་པར་འཚལ་ལོ་མགོན་པོ་
ཞེས་བོད་ནས་བདག་ལ་ངེས་པར་
རྗེས་བརྩེར་མཛོད། །དེ་ཡིས་ནག་པོའི་ཕྱོགས་སུ་གནས་པ་ཀུན། །སྤྱི་བོར་མི་འགྲོག་སླད་དུ་རལ་པ་ཡང༌། །བཅད་བཞིན་ལྷུངས་པས་དབང་པོའི་སའི་ལྷ་མོ། །འགྲམ་པ་ལན་བུའི་འཁྲི་ཤིང་གཡོ་བཞིན་རྒྱན་
རབ་རྟོག་རྒྱན
། །
ལྷག་པ་ཚུལ་ཁྲིམས་ལ་སོགས་
བསླབ་པ་གསུམ་གྱི་གཞལ་ཡས་ཁང་ནང་དུ། །བཅུག་ལ་ཤཱཀྱའི་དབང་པོའི་བརྟུལ་ཞུགས་གཟུང༌། །ལེགས་པར་གསུང་གི་སྐས་ལ་རང་སེམས་འཛེགས། །ཕྱིར་མི་ལྡོག་པའི་ས་ལ་མངའ་དབང་ཕྱུག །དེ་ལྟར་ལུང་རིགས་སྨྲ་བ་ཐམས་ཅད་ཀྱི། །གཙུག་ན་ནོར་