R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༡༧
[A:༢༡༧]བུ་འབར་བའི་ཐིག་པ་ཡིས། །ཆོས་ལོག་ནག་པོའི་ལྕགས་ཀྱི་ཁམས་སྦྱངས་ཏེ། །རྒྱལ་བསྟན་རིན་ཆེན་གསེར་གྱི་རང་བཞིན་མཛད་
གཙུག་ཏོར་གྱི་ནོར་བུའི་འོད་ཀྱི་ཐིག་པས་ལྕགས་རྣམས་དག་པར་བྱས་ནས་གསེར་དུ་བསྒྱུར་བ་གཙུག་ན་ནོར་བུའི་རྟོགས་བརྗོད་ནས་བཤད་པ་དང་སྦྱར་རོ
། །ཕྱོགས་བཅུའི་དེ་བཞིན་གཤེགས་དང་སེམས་དཔའ་ཡིས། །ལེགས་སོ་སྦྱིན་པའི་དབྱངས་ཀྱི་ཕྲེང་བ་ཅན། །རྣ་བར་བརྒྱན་ཚུལ་སྟོན་པ་བདུད་འདུལ་དང༌། །དོ་ཟླར་འོས་པའི་མཛེས་པ་ཐོབ་དང་མཚུངས། །སྐབས་དེར་འཕྲོག་བྱེད་རྗེས་སུ་འབྲངས་ཁ་ཅིག །འཁྲུལ་པའི་སྲོག་བཏང་རིང་ལུགས་བཟང་པོ་ཡི། །སྙིང་ལ་ལེགས་པར་འཕོ་བའི་གྲོང་འཇུག་བྱས། །རང་རང་ལྟེ་བ་བཅད་པའི་གནས་སུ་སོང༌། །དེ་རྣམས་མགྲིན་ལ་
བདག་ཉིད་ཆེན་པོ་
གང་གི་ཡོན་ཏན་མང༌། །ཆེ་བ་བརྗོད་པའི་དཀྱིལ་འཁོར་འཕེལ་བ་ཡི། །ཚོགས་ལས་རབ་འཁྲུངས་སྨྲ་བའི་མཆོག་ཅེས་པ། །སྲིད་པ་གསུམ་ན་སྒྲ་གཞན་མེད་པར་གྲགས་
གྲགས་པ་ཕུལ་བྱུང་གི་རྒྱན
། །དྲང་སྲོང་ཚེ་དང་ལྡན་པ་སློབ་བུར་བཅས། །བདག་ཉིད་ཆེ་དེའི་ཞབས་སྐྱེས་སེན་མོའི་འོད། །རིང་དུ་འཕྲོ་བའི་ཅོད་པན་མཛེས་འཛིན་པར། །གངས་ཅན་འཛིན་མའི་ཐིག་ལེར་ཉེ་བར་ཕྱོགས། །རྡོ་རྗེ་འཛིན་དབང་པདྨ་འབྱུང་གནས་ཀྱིས། །དམ་ཆོས་རྟག་པར་སྐྱོང་མ་བཅུ་གཉིས་ལ། །གཉེར་བའི་
དབང་གིས་མུ་སྟེགས་
མངོན་མཚན་ཅན་རྣམས་བྷོ་ཊ་འདིར། །འབྱུང་བ་འགོག་པའི་མེལ་ཚེ་ཡེངས་མེད་པས། །གང་དག་ལས་ཀྱི་རས་ཆེན་དཀར་ཡང་སྔར། །ལྟ་བ་ངན་པའི་རྣམ་སྨིན་སྣུམ་གྱི་དྲིའི། །ཐིག་ལེ་ཕྲ་མོར་ལྡན་ལ་ཁྲོ་བའི་མེ། །འབར་བས་འཕྲོག་བྱེད་དགའ་བ་སྲོག་བཏང་ལ། །ངན་འགྲོའི་གཡང་ལ་འཕྱན་ཉེར་ཡོངས་འཛིན་གྱི། །ཐུགས་རྗེའི་ཕྱག་ཡངས་བརྐྱང་བས་དམ་བཟུང་སྟེ། །མཁའ་སྤྱོད་གོ་འཕང་ཆེ་ལ་ཁྲིད་གྱུར་ནས། །གཏན་དུ་བདེ་བའི་འཚོ་བ་རྣམ་པར་ཚུགས། །དཔལ་ལྡན་ས་སྐྱའི་ཀ་བ་འཛམ་བུ་ཡི། །རྐང་འཐུང་རྣམ་པར་རྒྱས་པའི་རྒྱན་དུ་དེའི། །རལ་པ་ནག་པོར་འཁྱིལ་བ་ད་