[A:༢༡༩]བའི་མེ་ཏོག་དགོད། །ཚུལ་འདིའི་སྦྱིན་པ་ཁྱད་པར་འཕགས་པའི་རྔས། །དཔག་བསམ་ལྗོན་པའི་གྲགས་པ་སྐད་མི་འབྱིན་
གྲགས་པ་ཕུལ་བྱུང་གི་ རྒྱན
།།དུས་གསུམ་ལྷ་ཡི་ཡང་ལྷ་རྣམས་ཀྱིས་མགུར་གྱི་བུམ་པ་གཅིག་ཏུ་བྱོ་བ་ཡི། །ཆོས་ཕུང་ཕ་རོལ་མེད་པ་ཁོང་དུ་ཆུད་པའི་བཀའ་ཡི་གླེགས་བུ་ཚད་མེད་བཞི། །བསྙེངས་བྲལ་སེང་གེའི་དཔའ་སྒྲ་ཙམ་གྱིས་ལྟ་བ་ངན་པའི་རི་དགས་བག་མེད་པར། །འཆལ་གཏམ་པོ་ཏིའི་ལྷུན་པོ་ལོངས་པ
ར་འཛེག་རྣམས་འཇིག་པར་བྱེད་པའི་དུས་ལ་བབ་གཟིགས་ནས། །འཇིག་རྟེན་དག་པ་གཉིས་ལྡན་དུ། །བགྱིད་པའི་ངག་ལ་དངོས་པོ་ཀུན། །སྐྱབས་སུ་འགྲོ་བ་དམ་བཅའི་ཁུར། །རྫོགས་པའི་སྐལ་བཟང་ལམ་སྟོན་སླད། །སྨྲ་བ་ཐམས་ཅད་བདུད་རྩིའི་རོ། །ཡིན་ཕྱིར་བསོད་ནམས་བཅུད་ཀྱིས་ལེན། །འགྲོ་ན་ཀླན་ཀར་བྲལ་བ་ཡི། །བདེན་པའི་བརྟུལ་ཞུགས་འདི་ལ་བརྟེན། །བཟོ་རིག་རྒྱལ་བའི་རྟེན་གསུམ་པོ། །གྲུབ་པའི་ལས་ལ་སྦྱར་མཐོ་བ། །སྡིག་བྲལ་སྐལ་བར་ལྡན་པའི་མིག །སྟེར་ལ་མཁས་པའི་བསྟན་བཅོས་དང༌། །ཕྱི་དང་ནང་དང་གཞན་གསུམ་གྱི། །ཡུལ་དང་ཡུལ་ཅན་བྱེ་བྲག་ཚོགས། །ཕྲ་རབ་བསགས་པ་དངོས་རིག་པ། །རྩིས་ཀྱི་གཙུག་ལག་གི་བསྟན་བཅོས་
ཕུལ་བྱུང་བསྐྲུན། །ཡན་ལག་བརྒྱད་དང་ལྡན་པ་ཡི། །ཚེ་ཡི་རིག་པ་རྣམ་དག་རྒྱུན། །དྲི་མེད་གངྒཱའི་བུ་མོའི་འཛུམ། །དཀར་བའི་སྙིང་པོ་ལེགས་པར་བསྡུས་པ་དང་
། །སྒྲ་རིག་ཆུ་བོའི་གཏེར་བཞི་ལ། །འཇིགས་མེད་སྤོབས་པའི་ཟླ་བ་ཡིས། །དབང་ཕྱུག་ཅོད་པན་ཐོབ་པའི་ཟེར། །སྲིད་པ་གསུམ་ན་གསལ་མཛེས་པ། །མཁས་པ་འཇུག་པའི་སྒོ་དང་སྒྲ། །ཤེས་རབ་ལ་འཇུག་པ་དང་
དེ་བཞིན་ཡང༌། །སྒྲ་ལ་
འཇུག་པའི་རྣམ་བཤད་
དང་སྒྲ་
ཉེར་བ་
བསྡུས་པའི་ཚིགས་བཅད་དང་
ཡི་གེའི་སྦྱོར་བ་དང་
། །བྱིས་པ་བདེ་བླག་ཏུ་འཇུག་པའི་སྒོ་དང་
། །སྨྲ་བའི་སྒོ་བརྒྱ་གདངས་པའི་མཚོན་ཆའི
། །གནད་དུ་བསྡུས་པ་ངེས་པའི་གནས། །རྣོ་བས་རྨོངས་པའི་དགྲ་བཅོམ་པ། །ཕུལ་ཕྱིན་ཁྱད་པར་འདི་ན་འཕགས་པ་དང་
། །དབྱངས་ཀྱི་རྒྱལ་མོ་ཚངས་སྲས་