R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༢༠
[A:༢༢༠]ཀྱང༌། །མགྲིན་ལ་ཆགས་པའི་ཡོན་ཏན་མང༌། །དེ་ཕྱིར་སྙན་ངག་རིག་བྱེད་གཞུང༌། །མཚུངས་མེད་མཁས་པའི་ཁ་རྒྱན་བྱིན་
པ་དང་
། །ཚིགས་བཅད་རྐང་པ་སྡེ་བཞི་ཡི། །ཆོས་ཀྱི་དཔལ་མོ་གཡས་སྐོར་ལ། །སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི །ཤིས་པའི་ཆུན་པོ་ལྷག་པར་སྤེལ་
བ་དང་
། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རྟེན་དང་བརྟེན་པའི་ཁྱད་པར་མིང༌། །མངོན་པར་བརྗོད་པ་མཐའ་ཡས་པའི། །ཚིག་གི་གཏེར་ཁ་ཡང་དག་ཕྱེ་
བ་དང་
། །སྐད་རིགས་རྣམ་བཞིའི་གླུར་ལེན་པ། །ཟློས་གར་མཚན་ཉིད་བོད་འདི་ན། །སྔོན་མེད་གསར་བའི་དབྱངས་ཀྱི་རོ། །ཉམས་མྱོང་རོལ་མོའི་བསྟན་བཅོས་སོ། །ལོག་པའི་ལྟ་བ་ངན་འཇོམས་པར། །ཤེས་བྱའི་རང་བཞིན་མགྲིན་མཐོ་བ། །ཆོས་དེ་འཇིག་རྟེན་འདི་ན་ཀུན། །ཚད་མར་བཟུང་བ་སྟོན་པ་པོས། །གཏན་ཚིགས་རིག་པའི་གཏེར་གྱི་ནོར་
བུ་དང་
། །
དེའི་
རང་འགྲེལ་སྣང་བ་ལྷམ་མེ་བའི། །གངས་ཅན་ཆོས་ཀྱི་མཛོད་ཕྱེ་བས། །རྒྱ་གར་དག་ཀྱང་ཉིན་བཞིན་གསལ་
བར་བྱེད་པ་དང་
། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །འབྱོར་པ་དཀར་བའི་དེ་ཉིད་འོད། །འཆར་ནུབ་མེད་པའི་དམ་བཅའ་སྐྱེས། །ཡ་མཚན་དབང་གིས་ནང་རིག་པ
འི་སྐོར་གྱི་བསྟན་བཅོས་མཛད་པ་ལ
། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ། །རབ་ཏུ་དབྱེ་བས་བོད་རྣམས་བློའི། །མུན་པ་སྤངས་པར་མ་ཟད་དེ། །བསྟན་བཅོས་འདི་ནི་ཤཱཀ་ཐུབ་ཀྱི། །བསྟན་པའི་ཁང་བཟང་ཏོག་དམ་པར། །མངོན་མཐོ་ཉིད་དང་ངེས་པར་རང༌། །ལེགས་པས་སྤུད་པའི་རྒྱལ་མཚན་ནོ། །ཆོས་འདིའི་ང་རོ་དང་པོའི་སྒྲས་
སྟེ་བསྟན་བཅོས་རྩོམ་པར་མཛད་པ
། །
བོད་ཀྱི་གྲུབ་མཐའ་སྨྲ་བ་འགའ་ཞིག་འཁྲུལ་པའི་དབང་གིས་རང་རང་གི་
ལྟ་ངན་འཇོམས་པར་འཇིག་པའི་སྐྱོན། །
ཁོང་པར་
སྦས་
ཏེ་རྣམ་པ་གུས་པ་ལྟར་བྱས་
པའི་སྐྱེ་བོ་
རྣམས་ཀྱི་
ཕྲག་དོག་སྐད། །མངོན་སུམ་འབྱིན་
པ་བཞིན་འདི་སྐད་གསོལ་ཏེ། བསྟན་བཅོས་འདི་རྩོམ་པར་མཛད་ན་འཕྲིན་ལས་ཀྱི་གེགས་སུ་འགྱུར་བར་སྣང་བས། མི་རྩོམ་པ་མཁྱེན་ཞེས་ཞུས་པའི།
དབང་དུ་དོར། །དེ་ཚེ་སྟོན་པས་རྨི་ལམ་དུ། །
བསྟན་བཅོས་རྩོམས་ཤིག་པར་
བསྐུལ་