[A:༢༢༡]བའི་
བརྡར་སངས་རྒྱས་ཀྱི་སྐུ་ཤིན་ཏུ་མཚར་བ་ཞིག་མི་གཙང་བའི་ཁྲོད་ན་བཞུགས་འདུག་པ་ལ་བྱི་དོར་མཛད་པས། མི་མང་པོ་མི་མགུ་བའི་རྣམ་འགྱུར་བྱེད་ཀྱི་འདུག་ནས་སླར་བཤོལ་བས། ཡང་སྐུ་དེ་ལ་མི་མང་པོས་མི་གཙང་བ་བགོ་ཡི་འདུག་པ་གཟིགས་པ་ལས་བསྟན་བཅོས་རྩོམ་པའི་རྗེས་སུ་
སྣང་བ་མཆོག་བྱིན་པར་དགོངས་
ནས། །རྒྱལ་བའི་དགོངས་པ་ཀུན་རྫོགས་པར། །བརྩམས་ཏེ་འཛམ་གླིང་རྒྱན་དུ་བཀོད། །མཆོག་གི་དངོས་པོའི་ཆེ་བ་གསུམ་འདུས་ནས། །དྲི་མེད་ཡེ་ཤེས་གསལ་བའི་སློབ་དཔོན་དུ། །ཡང་དག་བཞེངས་པའི་བླ་མ་དམ་པ་ལ། །ཐུན་མོང་མིན་པའི་གསོལ་བ་
འདེབས་པའི་
རབ་བྱེད་གཉིས་པ་དང་
། །བཅུ་གསུམ་རྡོ་རྗེའི་གདན་ཅན་གྲགས་ཆེ་བའི། །ས་ལ་རང་གཟུགས་རྡོ་རྗེ་སེམས་དཔའི་མཐུ། །གྲུབ་པའི་མགོན་པོ་སྲིད་ན་མཚུངས་པ་མེད། །དེ་ལྟར་གྲགས་པའི་རྒྱལ་མཚན་འཕྱར་བ་པོ། །སེམས་ཅན་ཁམས་དང་བསམ་པ་བག་ཉལ་ལྷའི། །རྣ་བ་དག་པས་འཐུངས་དོན་མཐའ་ཡས་པའི། །ངལ་གསོ་བཞིན་དུ་ལེགས་པར་བསྟོད་པ་དང༌། །རྣམ་ཐར་དབྱངས་ནི་མི་ཟད་ཅི་ཡང་སྙན་པ་དང་
། །ཐར་པའི་ལམ་བཟང་རིན་ཆེན་ཤིང་རྟ་ཆེ། །མཐུ་སྟོབས་དབང་ཕྱུག་བི་རཱུ་པ་ཉིད་དང༌། །འཁོར་ལོ་སྡོམ་པའི་ཆོས་ཀྱི་
རྩ་བརྒྱུད་བླ་མ་ལ། །གསོལ་བ་གདབ་ཅིང་བདེ་མཆོག་
ལྷ་ལྔ་སྒྲུབ་པའི་ཐབས་དང་
། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཟབ་མོ་བླ་མའི་རྣལ་འབྱོར་གོ་ཤྲི་ཇོ་འབུམ་མ་དང་བཅས་པའི་
རིམ་པ་གཉིས་དང་
། །ཚོགས་གཉིས་མངོན་པར་རྫོགས་པའི་རྒྱུའི་དོན་དུ། །ཕྱི་ནང་གསང་བའི་མཎྜལ་འབུལ་ཚུལ་བཤད་པ་དང་
། །བླ་ན་མེད་པའི་ཡེ་ཤེས་ཆེན་པོ་ཡིས། །འཇུག་པ་བཅུ་གཉིས་བཀོད་པའི་ཆོ་འཕྲུལ་གྱིས། །བདུད་རྣམས་ཕྱིས་མི་ལྡང་བའི་གཡུལ་ངོ་ལས། །རྣམ་པར་རྒྱལ་བའི་དབང་པོ་བདེ་བར་
གཤེགས་པ་
ལ། །བསྟོད་ཚིག་གི་
ཕྲེང་བ་དངར་དང་དཀར་བ་ཡི། །འབྲས་བུའི་ནང་ཚངས་ལྡན་བཞིན་འདོད་པའི་དོན་ལ་
གསོལ་བ་འདེབས་པའི་
འཛུམ། །ཟུང་སྟེ་གཉིས་
དག་དང་བདེ་བར་གཤེགས་པའི་
ཐུགས་རྗེ་ཉེར་བསྐུལ་བ་དང་ཡང་ནི་དེའི། །སྣང་བརྙན་ལྷ་སའི་རྒྱལ་བར་བསྔགས་པ་བརྗོད་པ་དང་
། །སྙིང་རྗེ་དར་བབ་སྙིང་སྟོབས་གྲུབ་པའི་ལྷ་སྟེ་འཇིག་རྟེན་དབང་ཕྱུག་ དང༌གར?། །