[A:༢༢༢]ཐུགས་རྗེའི་སྒྲོལ་མ་མྱུར་སྐྱོབ་ཅན་འཁྲུངས་འགྲོ་རྣམས་སྨིན་པ་འཕགས་པའི་ཞིང༌། །དེར་དེ་གསོལ་བ་བཏབ་ཅིང་མི་ཤེས་དགྲ་བཅོམ་སླད་དུ་འཇམ་པའི་དབྱངས། །སྐུ་གང་རྐྱང་པ་གཉིས་དང་གཙོ་འཁོར་ལྔ་
པ་
ཉིད་ལ་
མཆོད་པར་བརྗོད་པས་བསྟོད་པ་དང་
། །ཡབ་གཅིག་རྒྱལ་བའི་ཤེས་རབ་ཚོགས་ལས་བཏུས་པའི་སྐུ་སྟེ་འཇམ་དཔལ
་ཨ་ར་པ་ཙ་ན། །ལྷ་གཅིག་གི་མངོན་རྟོགས་དང་
ལྷ་ལྔ་བསྐྱེད་པའི་རིམ་པ་རྣལ་འབྱོར་འཁོར་ལོ་མངོན་པར་རྟོགས་པ
་བརྗོད་པས་གསལ་བྱས་ལ། །འཕགས་པ་གང་གི་མཚན་ནས་ཡང་དག་བརྗོད་པ་འདོན་པའི་ཐབས་ཚུལ་རྒྱུད་ཀུན་གྱི། །རྒྱལ་པོ་རྡོ་རྗེའི་བཀའ་ལ་ཉལ་བའི་སངས་རྒྱས་གསང་བའི་མཛོད་ཁ་ཕྱེ་བར་མཛད་པ་དང་
། །རྟ་ནག་རི་བོའི་ཁུད་དུ་རྔ་བོ་ཆེ་ལ
། །བསྟོད་པས་བསྐུལ་བའི་སྐད་ལ་ཡལ་མཐའ་མེད། །རྒྱལ་པོ་ལོ་པཎ་རྣམས་ལ་བསྟོད་པ་
དང་པོ་ཊ་ལར། །བཞུགས་པའི་ཞིང་སྐྱོང་གཉེན་པོ་གདོང་བཞི་པ་ལ་
བསྟོད་པས་བསྔགས་པ་དང་
། །ཕྱག་རྒྱ་
ཆེན་པོའི་
དབྱེ་བ་དང་
དེ་སྟེང་ཕྱག་རྒྱ་ཆེན་པོ་
བདུན་ལྡན་
གྱི་རྩ་དང་
བ། །སྒྲུབ་པ་ལུང་འབྱིན་དང་
རྟེན་འབྲེལ་ལམ་རྫོགས་པ་དང་
། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་དང་
བརྡ་དོན་གསལ་བ་དང་
། །རིགས་ཀྱི་དབྱེ་བའི་
བཤད་སྦྱར་དང་
ཡེ་ཤེས་བསྲེ་པའི་བཤད་པ་དང་
། །བརྟག་གཉིས་ཀྱི་
བསྡུས་དོན་དང་
ཨཥྟའི་གཞིའི་བཤད་པ་དང་
། །ཟབ་ལམ་སྦས་བཤད་དང་
ཐོ་ཡིག་རིན་ཆེན་སྒྲོན་མ་དང་
། །གསུང་ངག་ཟིན་པར་བྲིས་ཡིག་མདོར་བསྟན་ཟུང་སྟེ་གཉིས་དང་
། །ཁྲིད་ཀྱི་ལུང་སྦྱོར་དང་
དེ་ཡི་སྟེ་ཁྲིད་ཀྱི་
དཀར་ཆག་ཉིད་དང་
། །རྩ་བ་དང་
ཡན་ལག་གི་
དམ་ཚིག་རྣམ་པར་བཤད་པ་དང་
། །ཟུང་འཇུག་གསལ་བའི་བསྡུས་དོན་
དང་ཚུལ་བཞིའི་
བསྡུས་པའི་དོན་དང་
། །བདག་མེད་བསྟོད་འགྲེལ་དྲི་མ་མེད་པའི་རྒྱན་ཅེས་བྱ་བ་དང་
། །ཚོགས་ཀྱི་འཁོར་ལོ་དང་
ཐོད་པ་བརྟག་པའི་ཐབས་དང་
། །རྒྱུད་སྡེ་སྤྱི་ཡི་མན་ངག་གཅེས་པ་བསྡུས་པ་དང་
། །ཁྲོ་བོ་སྨེ་བ་བརྩེགས་པ་སྒྲུབ་པའི་ཐབས་དང་
། །རྡོ་རྗེ་རྣམ་འཇོམས་བིར་ལུགས་ཀྱི་
མངོན་པར་རྟོགས་པ་དང་
། །སྤྱོད་པ་རྣམ་དག་ཅེས་བྱ་བ་དང་
རང་སེམས་ངོས་གཟུང་བ་དང་
། །ཐེག་པ་
ཆེན་པོའི་
རྣམ་གཞག་བྱང་ཆུབ་ཀྱི་
མཆོག་ཉིད་དུ། །སེམས་བསྐྱེད་པའི་
ཆོ་ག་དེ་དང་སེམས་བསྐྱེད་
ཉིད་ལུང་དང་སྦྱར་བ་དང་
།