R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༢༣
[A:༢༢༣] །གཟའ་ཡུམ་མཆོད་ཆོག་
དང་
གཞུང་ལུགས་ལེགས་པར་བཤད་
པ་དང་
། །བཅོམ་ལྡན་སྒྱུ་མ་ཆེན་པོ་ཤེར་ཕྱིན་ཡུམ། །ཟབ་མོ་སྟོང་པ་ཉིད་ཀྱི་མདོ་སྡུད་པ་
འདོན་པའི་མན་ངག་དང་
། །ཚུ་རོལ་མཐོང་བའི་བྱང་ཆུབ་སེམས་དཔའ་ཡི། །ལྟུང་བཤགས་ཕུང་པོ་གསུམ་པ་འདོན་པའི་ཐབས་
དང་
། །
ཐུབ་པའི་དབང་པོ་ལ་
གཞན་ལས་ཁྱད་དུ་འཕགས་པར་བསྟོད་པ་ཡི། །རྒྱ་ཆེར་རོལ་པའི་ཁ་ཉིད་བསྐོང་བ་དང༌། །ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ཉམས་སུ་ལེན་
ཐབས་དང་
། །ཆོས་སྤྱོད་བཅུ་
པ་
དང་སྨྲས་པ་རྣམ་པ་གཉིས་
དང་
། །དམ་པའི་ཆོས་ལ་འཇུག་ཚུལ་གོ་བདེར་སྦྱར་
བ་དང་
། །ཞེན་པ་བཞི་བྲལ་
དང་
འདའ་ཁའི་གདམས་ངག་གཉིས་
དང་
། །དྲི་མ་མེད་པའི་རྒྱན་གྱི་རྒྱ་ཆེར་འགྲེལ་
པ་དང་
། །རྣམ་བཤད་བདུད་རྩི་སྤེལ་
བ་
དང་དུག་སེལ་
བའི་ཐབས་དང་
། །ཐབས་ཤེས་ཚོགས་ལས་འཁྲུངས་པའི་བཅོམ་ལྡན་འདས། །ཐུབ་པའི་དགོངས་པ་ཆོས་ཀྱི་དབྱིངས་རྣམ་དག །གཟུགས་ཅན་བཞིན་དུ་གསལ་བའི་ལམ་པོ་ཆེ། །སྟོན་པ་ཚད་མ་དེ་ཡི་གསུང་གི་ཤིས་
པར་མཛད་པ་དང་
། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཞུ་བའི་འཕྲིན་
དང་
། །རྒྱལ་བའི་བསྟན་
པ་
ལ་དགའ་བའི་མཐུ་ལྡན་ལྷ་
རྣམས་ལ་སྤྲིང་ཡིག་དང་
། །སྐྱེས་བུ་དམ་པ་སྤྱི་
ལ་སྤྲིང་ཡིག་
དང་བྱེ་བྲག་ཏུ། །འབྲི་ཁུང་འཇིག་རྟེན་གསུམ་གྱི་མགོན་པོ་
ལ་སྤྲིང་ཡིག་
དང༌། །སྤྱན་སྔ་གྲགས་འབྱུང་
བ་ལ་བསྟོད་པ་སྤྲིང་ཡིག་དང་བཅས་པ་དང་
གློ་བོ་ལོ་ཙཱ་བ། །ཀློག་པ་ཐོས་བསམ་འཁོར་ལོས་ཡིད་བསྒྱུར་བའི། །རྒྱུ་རིས་དབང་པོའི་གྲངས་རྙེད་འདུས་པའི་འཁོར་
རྣམས་ལ་སྤྲིང་ཡིག་དང་
། །གཙོ་མདོའི་དགེ་འདུན་ཚོགས་དང་བཅས་རྣམས་ཀྱི། །ཚངས་པའི་ཡུལ་ས་ཉིད་དུ་ལེགས་པར་གསུང༌། །སྤྲིང་ཡིག་ཙནྡན་སྤོས་ཀྱི་ངད་ལྡན་པ། །ཕེབས་ལ་དེ་ཀུན་དད་པའི་སྤུ་ལོང་གི །གོས་དཀར་རྟགས་ཀྱིས་མཚན་པའི་སྡེ་
ར་
ཞུགས་པ་བཞིན་
མངོན་
པར་
ཕྱོགས་
སོ
། །སྤྱི་མཐུན་སྐལ་པར་སྐྱེས་པའི་ལས་དབང་ཅན། །གཞན་ལ་ལྟོས་པ་མེད་པའི་ཉི་མ་ཡང༌། །མོས་པའི་བསམ་ལྡན་སྐྱབས་སུ་འགྲོ་བས་ན། །བླང་དོར་འཆང་ཚུལ་སྟོན་པའི་བཀའ་