R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༢༤
[A:༢༢༤]འཕྲིན་བསྒོ་
བར་མཛད་པ་དང་
། །ཆག་ལོ་
ཆོས་རྗེ་དཔལ་དང་
གུར་སྟོན་
དང་
ཞང་གི་ལོ་ཙཱ་བ་
དང་
། །
བཀའ་སྡོམ་
དོ་གོར་
བ་དང་
སྙེ་མོ་སྒོམ་ཆེན་
དང་
ནམ་མཁའ་འབུམ་
དང་
། །རྟོགས་ལྡན་རྒྱན་དང་བློ་གྲོས་རབ་གསལ་
རྣམས་
གྱི། །དྲིས་པའི་ལན་དང་བོད་འབངས་སྤྱིར་གདམས་པ་
དང་
། །མུ་སྟེགས་
ཀྱི་
སྟོན་པ་དྲུག་བཏུལ་
སྐབས་
ཚིགས་སུ་བཅད་
པ་དང་
། །བ་གོར་
ཞེས་པའི་
སྒྲ་ལས་དྲངས་པའི་བསྟོད་པ་དང༌། །བསམ་ཡས་
ཀྱི་
གཙུག་ལག་ཁང་
ལ་
བསྔགས་
པ་དང་
འཇམ་དཔལ་གྱི། །ཕྱག་མཚན་རི་མོར་བྲིས་
པའི་ཚུལ་
དང་ཆོས་གསུངས་
པའི་
ཚུལ་
དང་
། །ལུགས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་དང༌། །སྐྱེས་བུའི་རྣམ་
པར་
འབྱེད་
པ་
གཞོན་ནུའི་མགུལ་པ
འི་
རྒྱན་
དང་
། །ཡང་ནི་ལེགས་
པར་
བཤད་
པ་
ཉི་མའི་སྙིང་པོ་
ཞེས་བྱ་བ་
སྟེ། །འཇིག་རྟེན་མིག་ཏུ་གྱུར་པའི་སྣང་བ་
ཁྱད་པར་ཅན་
གསུམ་
དང་
། །དབང་གི་འཕྲིན་ལས་ཐོགས་པ་མེད་པའི་གར། །འདོད་པ་ཐམས་ཅད་འཇོ་བའི་རྒྱལ་པོ་དེའི། །རྗེས་སུ་གནང་བ་མཆོག་དང་ཐུན་མོང་གི །དངོས་གྲུབ་འབྱོར་པ་ཆེན་པོས་འདི་ན་ཕྱུག །བདག་གཞན་དགེ་བའི་དངོས་པོ་བྱང་ཆུབ་ཆེའི། །སྲོག་ཏུ་འབྲལ་བ་མེད་པར་དུས་གསུམ་ན། །མི་ཤིགས་སྙིང་པོའི་མན་ངག་རྡོ་རྗེའི་རྒྱུན། །
བསྔོ་བྱ་བསྔོ་བྱེད་བསྔོ་བའི་འབྲས་བུ་རྣམ་པར་དག་པ་སྟེ
་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་མཐོ་
བ་དང་
། །ཆོས་ལ་མི་འཇིགས་སྤོབས་པའི་ཡོན། །མགྲིན་པར་ཆགས་པའི་སྐད་གཉིས་པས། །བཀའ་དང་བསྟན་བཅོས་སེམས་ལེགས་པའི། །སྣོད་ལྡན་བོད་དུ་བསྒྱུར་བ་ལ། །སློབ་དཔོན་པདྨའི་ཕྱག་སྟར་བའི། །ཆོས་ཀྱི་ནོར་བུ་བླ་ན་མེད། །ཕུར་པ་རྩ་བའི་
དུམ་བུའི་
རྒྱ་དཔེ་ཉིད། །
ཤངས་སྲེག་ཤིང་དུ་
གངས་ཅན་སྐད་དུ་བསྒྱུར་བ་ལས། །འཁྲུངས་པའི་རྡོ་རྗེ་གཞོན་ནུ་དངོས། །བྱོན་བཞིན་གསང་སྔགས་སྔ་འགྱུར་ལ། །ལོག་པར་ལྟ་རྣམས་དེས་ཚར་བཅད། །ངན་འགྲོའི་དབྱངས་ལས་རྗེས་སུ་གཟུང༌། །གཞོམ་མེད་རྡོ་རྗེ་ནཱ་དའི་སྒྲས། །སྙིང་པོའི་ཆར་ཡང་རྒྱན་གྱི་རྒྱུད་
དང་
། །བརྗོད་བྲལ་མཐར་ཕྱིན་ངོ་བོ་ཉིད། །ཟ་བའི་རྡོ་རྗེ་ཅན་དབང་ཕྱུག །གསང་བ་ནོར་བུའི་ཐིག་