R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༢༥
[A:༢༢༥]ལེ་མཆོག །འཛུམ་པའི་རྩེ་དགའ་རྣམ་དག་ལ། །སྲིད་པའི་རང་བཞིན་བྱེད་པོ་ཡི། །ཡིད་རབ་འཕྲོག་པའི་ཆོམ་རྐུན་མཁན་
ཅེས་པ་ལྷ་མོ་ཐིག་ལེའི་མཆོག་མས
། །
ལྷ་ཚངས་པའི་ཡིད་འཕྲོག་པར་བྱས་སོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ནས་བཤད་པ་དང་སྦྱར་ཡང་རུང་ངོ༌། །
རྡོ་རྗེ་ས་འོག་
གི་རྒྱུད་དང་
གསང་བ་ཡི། །རྒྱན་གྱི་ནོར་བུ
འི་རྒྱུད་དང་
ཀཽ་སྟུ་བྷ་
ནི་སྔོན་རྒྱ་མཚོ་བསྐབས་པ་ལས་བྱུང་བར་བཤད་པ
། །ལྷ་མིའི་གཙུག་ཏུ་བྱིན་པ་ན། །ས་གསུམ་སྐྱེ་དགུའི་རབ་རིབ་བཅོམ། །སློབ་དཔོན་སྒྲ་གཅན་འཛིན་ཏེ་དཔལ། །འགྲོ་བའི་བཤེས་གཉེན་གྱིས་མཛད་པའི། །དཀྱིལ་འཁོར་
གྱི་
ཆོ་ག་ཟུང་འཇུག་ཏུ། །གསལ་བར་གཏན་ལ་ངེས་པར་ཕབ། །སྨྲ་བའི་ཉི་མ་
དཔལ་ལྡན་
ཆོས་གྲགས་དེ། །ནུབ་ཀྱང་ཆོས་མ་ཡིན་ཐམས་ཅད། །ལང་རེ་མེད་པའི་གཏན་ཚིགས་གནད། །སྟོན་པ་མི་ཡི་ཉི་མ་ཤར། །དག་པ་གསེར་གྱི་མངལ་ཡོངས་སུ། །རྫོགས་པ་ཚངས་པ་རང་བྱུང་
ཞེས་པ་དྲན་པའི་གཞུང་ལས། ཁྱབ་འཇུག་རང་བྱུང་བཅོམ་ལྡན་གྱིས། །སྐྱེ་དགུ་སྣ་ཚོགས་སྒྲུབ་འདོད་པས། །དང་པོར་ཆུ་རྣམས་བསྐྱེད་བྱས་ནས། །དེ་ལ་ས་བོན་རབ་ཏུ་འཕངས། །གསེར་གྱི་མདོག་ཅན་རབ་མཛེས་པའི། །སྒོ་དང་ཆུ་ལས་རང་བྱུང་སྟེ། །དེ་ལས་མཆོད་སྦྱིན་རང་བྱུང་བ། །ཚངས་པ་རང་བྱུང་རྣམ་པར་གྲགས། །ཞེས་བཤད་པ་དང་སྦྱར་བ་གང་
གི །ངག་ཏུ་ཆོས་ཀུན་འགྲོ་བར་ནི། །མཁས་པ་ཚད་མ་རྣམ་འགྲེལ་
ཞེས་བྱ་བའི་བསྟན་བཅོས་པ་སྟེ་ས་འདིར་གྲགས་པར་
རྒྱུ། །ཙནྡྲ་གཽ་མིས་འཇིག་རྟེན་དབང༌། །ཞལ་མངོན་གཟིགས་པའི་དུས་ཉིད་ན། །མཛད་པའི་སྨོན་ལམ་དོན་རྒྱ་ཆེ། །ཚིགས་བཅད་མདོར་བསྡུས་འདི་ཡང་ངོ༌། །མི་ཤེས་དགྲ་བཅོམ་གསལ་བའི་བསམ་པ་ཡོན་ཏན་མང་བའི་རྔ་ཡབ་དཀར། །མཁས་རྣམས་མངོན་པར་འདོད་པའི་རླུང་ནི་གཡབ་ཅིང་འཕེན་པར་བྱེད་པ་ཡི། །བསིལ་བའི་གཏོང་ཕོད་ལུགས་བརྒྱ་ལྡན་པའི་མཆོད་སྦྱིན་སྙིང་པོ་ ས་འདི་ལ། །ལེགས་པར་བརྟག་བྱ་དམ་པའི་རྒྱལ་པོའི་གྲགས་པ་དེས་ཀྱང་འགྲོ་བ་འདྲེན། །རྡོ་རྗེའི་སྤྱན་ཡངས་ཟིམ་པའི་ཟུར་ཙམ་གྱིས། །ཆོས་རྣམས་མ་ལུས་མཐོང་དོན་གསལ་བའི་བཅུད། །ཐུབ་བསྟན་ས་ཆེན་འཚོ་བའི་བསོད་ནམས་འདིས། །སེམས་ཅན་རྣམས་ཀྱང་ཐམས་ཅད་གཟིགས་པ་འཐོབ། །འཇམ་དབྱངས་མིའི་སྲིད་པ་འཛིན་