R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༢༦
[A:༢༢༦]པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། །བསྟན་བཅོས་ཇི་ལྟར་མཛད་པ་དང་རྒྱ་གར་གྱི་ཆོས་བོད་སྐད་དུ་བསྒྱུར་བའི་སརྒ་སྟེ་བདུན་པའོ།། །།ཐུན་མོང་མཆོག་ཅེས་གཉིས་སུ་མ་ཡིན་དངོས་པོའི་ངོ་བོ་འདིར་གཅིག་ཏུ། །ཡང་དག་ཡོན་ཏན་རྒྱ་ཆེར་རྣོ་བས་ནམ་མཁའི་ཕ་མཐའ་བརྟོལ་བ་ལས། །གྲུབ་པའི་འཁོར་ལོ་འདོད་དགུར་བསྒྱུར་བས་བདུད་ཚོགས་ཡུལ་དང་བཅས་བཅོམ་པ། །བླ་ན་མེད་པའི་ཡེ་ཤེས་སྒྱུ་མ་ཆེན་པོའི་གར་གྱིས་ས་གསུམ་སྲུངས། །དངོས་དང་དངོས་མིན་རྣམ་པ་ཐམས་ཅད་པར། །སྤྱོད་པ་དམ་པས་བརྒྱན་པའི་ཙནྡན་གྱི། །རང་བཞིན་ཀུན་ནས་བཟང་པོའི་ཕ་རོལ་དུ། །འགྲོ་བའི་མཐུ་ལ་བསམ་གྱིས་གར་ཁྱབ་ནུས། །
འོན་ཀྱང་མདོ་ཙམ་བརྗོད་ན་
སྲིད་པའི་འཇིགས་པ་འཇོམས་ལ་མཁས་པ་དང༌། །
སྐུ་དང༌། གསུང་དང༌། ཐུགས་དང༌། རྫུ་འཕྲུལ་དང༌། འདོད་དགུ་འབྱུང་བ་དང༌། དགོས་དགུ་འགྲུབ་པ་དང༌། ཀུན་ཏུ་སོན་པ་དང༌། བདག་པོའི་དབང་ཕྱུག་སྟེ།
དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་འབྱོར་པའི་གཙོ། །དུས་གསུམ་ཡོང་ཡེ་མཁྱེན་པ་ཆོས་ཀྱི་རྗེ་
ས་སྐྱ་པཎྜི་ཏ་དེ
། །བཅོ་བརྒྱད་ལོ་ལ་བབ་པའི་དུས་ཉིད་ན། །གཏི་མུག་མྱུ་གུའི་སྐྱེ་ ས་མེད་པ་ལ། །འོད་གསལ་མཚན་ལྡན་གཞལ་ཡས་ཁང་བླང་བ། །ནང་དུ་རྣམ་པ་ཐམས་ཅད་མཁྱེན་གནས་པའི། །གཟིགས་པས་ཉེ་བར་འཚོ་བའི་མནལ་ལམ་དུ། །ཨ་ཕྱིའི་མཆོད་རྟེན་ཆེན་པོ་ག་ལ་བར། །རིག་ཚུལ་ནོར་བུ་འབར་བའི་དོ་ཤལ་ཕྲེང༌། །ཡིད་འོངས་མགུར་ན་སྤ་བའི་འཛམ་གླིང་རྒྱན། །དྲུག་པ་ལས་ནི་སློབ་དཔོན་དབྱིག་གི་གཉེན། །ཤེས་བྱ་དག་པའི་དགུང་མཁའ་རབ་གསལ་བཞིན། །སྔོ་བསངས་ལང་ཚོ་དར་ལ་བབ་ཡོལ་ཙམ། །ཚུལ་ཁྲིམས་གཏེར་གྱི་རྟགས་ཅན་ངུར་སྨྲིག་གི །རྒྱལ་མཚན་གུར་གུམ་དྲི་རུ་འཕྱར་བ་ཞིག །མཆུ་སྒྲོས་དམར་གསལ་བྱེ་རུའི་ཡལ་འདབ་ལ། །འཛུམ་དཀར་མུ་ཏིག་འབྲས་བུར་མཛེས་འོད་ཀྱིས། །ཕྱོགས་ཀུན་ཡོངས་སུ་རྫོགས་པའི་ཞལ་ལུང་ལས། །
དོན་དམ་པའི་
ཆོས་མངོན་དྲི་མེད་