[A:༢༢༨]བཞུགས་ལྷའི་དབང་པོས་བཏུད་བྱས་ཏེ། །དམ་པ་རྟག་པའི་གསུང་རབ་ཀུན་གྱི་སྲོག །བལྟ་བའི་མིག་དང་ཉན་པའི་རྣ་བ་ཅན། །དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་ལུགས་
ཚད་མ་རྣམ་འགྲེལ་དེ་ཉིད་
ཀྱི། །མཆོད་བརྗོད་རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཞེས་སོགས་ཚིགས་སུ་བཅད་པ་དེ་
ལེགས་སྦྱར་སྐད་དུ་བསྒྲགས་པ་ན། །ཆོས་སྒོའི་སྣང་བ་རབ་འབྱམས་འདི་མཐོང་དིང༌། །གཞན་ཕན་ཆེན་པོར་རློམ་པའི་ཉི་ཟླ་ཡང༌། །སྙིང་པོ་མེད་པའི་མཁའ་ལ་རྒྱུ་བ་སྤངས། །ཕྲག་གོང་མཐོན་པོ་གཉིས་ནས་ཤར་བ་རྨི། །དེ་སྐད་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་
ལ་ལེགས་གསོལ་ཚེ། །རྗེ་བཙུན་གྱི་ཞལ་ནས་
མཚན་རྟགས་དེ་ཙམ་འབྱུང་དཀར་བྱུང་གྱུར་པར། །དགའ་སྟོན་ཡང་དག་རིགས་ཞེས་དགེ་འདུན་སྡེར། །རྙེད་བཀུར་བདུད་རྩིས་བརླན་པའི་རིམ་གྲོར་བྱས། །ནམ་ཞིག་ཀར་ཤཱཀྱ་གྲགས་ཀྱིས་ཆོས་འཁོར་ལ་སྤྱན་དྲོངས་ཚུལ་ན་གསལ་བ་བཞིན་
ཡར་གྱི་ལམ་གསུམ་ཆུ་བོ་གཙང་མའི་ཤུལ་སྟེ་ཆུ་ཤུལ་གྲུ་གུ་སྒངས་བྱ་བ
། །སུམ་རྩེན་པ་ལ་མངོན་དུ་གཤེགས་གཟིགས་ཚེ། །རྒྱུན་དུ་མཚན་བརྗོད་ཞལ་འདོན་མཛད་པ་ལས་
ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པ། །ཐེག་ཆེན་སྤྱོད་པའི་འགྱུར་ཁུགས་ཅན་དང་ལྡན། །དགེ་བའི་མཚན་མ་བཟང་སྟེ་འདིར་ང་ཡི། །རིང་ལུགས་པཱ་ལ་ཀཱི་པ་སྟེ་སྤོས་དཀར་གྱི་མེ་ཏོག་ཞིམ་པོ
འི་ནགས་རྒྱས་པའི། །དཔལ་ལ་སྐལ་བར་ལྡན་པ་གླང་པོའི་སྡེ། །སྤྱོད་པར་ཡན་ལག་དྲུག་ཅུའི་གསུང་དུ་འཇོ། །དེ་ཚེ་ཉིན་མོའི་མགོན་པོ་མཚུངས་མེད་ཀྱང༌། །དུ་བའི་རྒྱལ་མཚན་འཕྱར་བའི་རྟ་གདོང་གི །མེ་ལྕེ་གསེར་གྱི་ལག་པ་གར་མཛེས་པས། །བསུ་བཞིན་ལྷོ་བགྲོད་དང་པོ་བརྩམ་འདུག་གསུངས། །ས་འཛིན་དེ་ཡི་རྩ་བར་བཟོད་དཀའ་བའི། །གཟའ་ཡི་རྣ་བ་འཛིན་པའི་རཱ་ཧུ་ལ། །ལྟར་སྣང་རབ་ཏུ་བྱུང་བའི་ཟོལ་བཟུང་ནས། །དེ་རིང་སུ་ཞིག་རྒྱུ་བ་གསུང་འཚལ་ལོ་ཞེས་སྨྲ་བ་ན
། །དྲང་སྲོང་ཞེས་བོད་པར་མཛད་ནས་བཀའ་སྩལ་པ
་གྱ་གྱུའི་སྡིག་དང་འགྲོག་མ་བྱེད། །བདེན་པ་འདི་ལ་བརྟེན་པ་རྟེན་གཅིག་དེ་རིང་གང་རྒྱུ་བ་
དེ་ནི
། །ངས་ཤེས་གདུག་པའི་སྒྲ་གཅན་ཁྱོད་ཁོ་ན་རྒྱུ་བར་བྱེད་པ་ཡིན་མོད
། །དེ་སྐད་ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ནམ་མཁའི་རྫུ་འཕྲུལ་ཏེ
་མངོན་པར་