[A:༢༢༧]ཤེས་རབ་
དེ་ཉིད་ཐོབ་བྱེད་ཀྱི་བརྡ་བཏགས་པའི་ཆོས་མངོན་པ་
མཛོད་གསུངས་པ། །རྨི་ལམ་ཐུན་གཅིག་ལ་ཡང་བགྲང་བྱ་སྟེ་ཟླ་བ
འི་ཡུན་ཙམ་དུ
། །ཐོས་པ་འཛིན་པས་འཐུངས་པའི་དོན་དེ་ཉིད། །མངོན་སུམ་སྐལ་བཟང་རས་དཀར་ངོས་ཡངས་ལ། །མི་བརྗེད་དྲན་པའི་རི་མོ་སྨིན་པར་བྲིས། །ཡང་མནལ་ལམ་དུ་ནུབ་ཕྱོགས་
ཆུ་ལྡན་འོ་མའི་རྒྱུན་བཞིན་དུ་ནུབ་ཀྱི་གྲོགས་པོ་ལ་
འཁྱོག་སྒྲོག་མ་སྟེ་ཆུ་ཀླུང་སྙན་པོར་སྒྲོགས་པ་ཞིག་འབབ་ཀྱིན་འདུག་པ
འི། །འཇུག་ངོགས་རིན་ཆེན་གད་པའི་ཁྲི་འཕང་ལ། །ལྔ་རིག་མཁས་པ་ཆེན་པོ་ཤཱཀྱ་ཤྲཱི་དེ་ཉིད་
འགྱིང་བའི་ལྗགས་རྩེ་ལས། །རྡོ་རྗེའི་གླུ་སྒྲ་འབབ་པ་སྟེ་མགུར་གྱི་གསུངས་པ་
དེ་ཐུགས་མཚོར་བསྐྱིལ། །མ་འོངས་པཎ་ཆེན་ཤཱཀྱ་ཤྲཱི་དང༌། །དངོས་ཞལ་འཛོམ་ལ་སྔར་གྱི་མནལ་ལམ་གྱི་ལོ་རྒྱུས་
གསོལ་བར་མཛད་པས་པཎ་ཆེན་དེའི་ཞལ་ནས
་ཀ་ཡེ་བུ། །ཁྱོད་ཀྱི་རྨི་ལམ་དང་
དུས་ཀྱི་ཆོ་ག་གཅིག་པར་ཁོ་བོར་ཡང༌། །དེ་ལྟ་བུའི་རྨི་ལམ་གྱི་
ཚུལ་བྱུང་མོད་ཡ་མཚན་རྒྱ་ཆེ་གསུངས། །ཡང་ནུབ་གཅིག་གི་མནལ་ལམ་ན་
བསྙེངས་པ་ཀུན་བྲལ་བའི་སློབ་དཔོན་
ཕྱོགས་ཀྱི་གླང་པོ་ཡིས། །རྒོལ་བ་མཐའ་དག་འཇོམས་པའི་ཁྲི་འཛིན་པ། །གཞན་དུ་སུ་ཡང་
མ་དམིགས་པས་ཁྱེད་
མྱུར་དུ་བྱོན་ཞེས་པའི། །གཡར་འདྲེན་མོས་པ་ཕྱིར་མི་གཞོལ་བའི་ངོར། །རྒྱ་གར་ཤར་ཕྱོགས་འཁོར་ལོ་ཅན་གྱི་ཡུལ། །དེར་སློབ་དཔོན་ཕྱོགས་གླང་
དེ་ཉིད་
བསྟི་བའི་ཕུག་པར་སོང་བ་ན། །བདེ་གཤེགས་བཀའ་ལས་སྐྱེས་པའི་གླེགས་བམ་སྤོ། །ལྷུན་པོ་ཁ་ན་མ་ཐོ་མེད་གཟིགས་ལ། །དེ་ཡི་བདག་པོར་བསྐོས་པའི་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་འབྱེད་པར་མཚོན་ནུས་པའི། །ལྡེ་མིག་གཏད་པའི་མནལ་ལམ་བྱུང་སྟེ་
གཟིམས་པ་སད་པ་ན། །ཆོས་ཀྱི་མིག་ཆེན་བླ་ན་མེད་པ་ཐོབ། །ཡང་ནུབ་གཅིག་གི་མནལ་ལམ་ན་
རྒྱུད་ནི་བསླབ་པ་གསུམ་གྱིས་བསྡམས་ལ་ཀློག་པའི་འཁོར་ལོ་ཡོངས་བསྒྱུར་བ། །སྐྱོན་གྱི་དངོས་པོ་བཙལ་དུ་མེད་ལ་ལེགས་པའི་ཡོན་ཏན་ནམ་མཁའ་མཛོད། །སྡིག་པར་སྡང་ལ་དགེ་བའི་བཤེས་སུ་འགྱུར་འགལ་རྒྱན་
མཐའ་ཡས་པའི་ཚོགས་དབུས་སུ། །སྐབས་གསུམ་ལ་བ་དཀར་པོའི་གདན་ལ་