[A:༢༢༩]ཤེས་པ་ལྔ་ལ་སྤྱོད་པས་གསུངས་
པ་ན
། །དེ་ལ་དང་བས་བསོད་ནམས་མཐུ་འབར་བའི། །གཟི་བརྗིད་གླིང་བཞིར་དགྲམ་པའི་རང་འགྲོས་བཞིན། །བདག་ཉིད་ཆེན་པོ་དེ་ལ་
གཡས་སུ་བསྐོར་བའི་ཕྱག་འཚལ་དེ་ཡི་ལུས། །མིག་སྟོང་ལྡན་པས་ཕྱོགས་སུ་ལྟ་བྱེད་པ། །མཚུངས་མེད་འདྲེན་པ་དེ་ཡི་འཁོར་ཀུན་གྱིས། །མཐོང་ཡང་རཱ་ཧུ་ལ་
གང་གི་ཟེར་མས་ནོངས་མ་གྱུར། །ནོར་བུ་སྒྲོན་མ་འབར་བའི་མེ་ལྕེར་ཡང༌། །ཕལ་གྱི་འཐོར་རླུང་དྲག་པོས་ཅི་ཞིག་ཚུགས་ཟླ་བོའི་དངོས་པོའི་དཔེ་རྒྱན
། །དེ་ནས་
བསམ་ལས་ཡས་པའི་གཙུག་ལག་ཁང་ཆེན་པོར། །དད་པའི་ནོར་ལྡན་བཙད་པོས་སྤྱན་དྲོངས་ལ། །ཆོས་ཀྱི་འཁོར་ལོ་བྱེ་བའི་སྒྲ་བོ་ཆེས། །ལུས་མེད་དབང་པོ་སྟེ་གཞན་འཕྲུལ་དབང་བྱེད་དེ
འི་ཁང་བཟང་ཏོག་འདར་དུས། །འཇིག་རྟེན་དྲེགས་བྱེད་ཀུན་གྱི་མཐུ་ལས་སྐྱེས། །རང་གཟུགས་རྣམ་དག་ཤེལ་གྱི་ས་འཛིན་པ། །སེམས་དང་ལྡན་པ་རྒྱུ་འདྲའི་སྲུང་མ་ཆེ། །སྲོག་བདག་ཚངས་པ་དཀར་པོ་དེ་བྱུང་ནས། །བསོད་ནམས་ཡོན་དུ་དང་བས་ལན་གསུམ་དུ། །བདག་ཉིད་ཆེན་པོ་དེ་ལ་
བསྐོར་ནས་བཏུད་པའི་རྣ་རྒྱན་ཁུར་ཚོས་ལ། །འཕྱང་བའི་ཕྱག་དང་རྗེས་སུ་འབྲེལ་པའི་རྟེན། །སྔོན་དུ་བཏང་སྟེ་ལྷ་གཅིག་ཞེས་བོས་ནས་བདག་ལ་
སྙན་གཏོད་དང༌། །ཁྱོད་ཀྱི་ཐུགས་རྗེའི་ཉིན་མོར་བྱེད་ཀུན་ལ། །སྙོམས་པར་རྒུ་ཚིགས་ཆུ་བོའི་རླབས་བརྒལ་ཏེ། །དེ་རིང་སྐལ་བར་ལྡན་པ་ཨརྐ་སྟེ་ཉི་མ
འི་ཤིང་ཉལ་བ་ལས་ལངས་པའི
། །གྲོལ་བའི་རྣམ་དཀར་འོ་མས་སྙིང་བརླན་ཡང༌། །ད་དུང་འགྲོ་ཚོགས་མ་མ་ལས་ཉོན་མཚོ། །བསྒྲལ་དཀའ་སྐྱེ་རྒ་ན་འཆིའི་ཆུ་སྲིན་གྱི། །མཆེ་བའི་རྩེ་མོར་དམྱལ་བ་གཟིགས་སམ་ཀྱེ། །འདི་ལས་ཐར་པའི་སྨོན་ལམ་ཅིག་སྩལ་ལོ་ཞེས་ཞུས་པ་ན
། །ཞལ་སྐྱིན་ཡངས་ལྡན་སྤྱན་ནི་ཟུང་དག་རིང༌། །ཟླ་བ་ཉ་དང་ཨུཏྤལ་ལྷན་ཅིག་ཏུ། །འགྲོགས་བཞིན་ལྡན་མིག་གི་དཔེ་རྒྱན་
མཛེས་པ་རྨད་བྱུང་ཀུན་ལྡན་གྱི། །རྣམ་གཟིགས་སྙིང་རྗེའི་གཏེར་གྱུར་དེས་བཀའ་སྩལ། །ཉོན་ཅིག་སྲིད་པའི་རང་བཞིན་མ་རིག་པའི། །