[A:༢༣༠]རྩ་བ་གཅིག་ལ་སྡུག་བསྔལ་འབྲས་བུ་ཅན། །ཡལ་ག་ལོ་མ་སྟོང་དུ་བྲེས་ཀྱིན་རང༌། །མི་བསིལ་བ་དེ་ལས་ཀྱི་ལྗོན་པའི་སྐྱོན། །
དེ་བས་ན་གསོལ་བ་འདི་ལྟར་དུ་ཐོབ་གསུངས་
འདུས་བྱས་མི་རྟག་གློག་གི་སྤུན་ཟླ་ཅན། །བདེན་པ་མིན་པའི་གྲོགས་ལ་ཡིད་འབྱུང་ཡང༌། །སྣ་ཚོགས་འཆིང་བ་བརྒྱ་ཡིས་དམ་བཟུང་བའི། །མདུད་པར་ཕྱེ་བར་དཀའ་བ་གྲོལ་དུ་གསོལ། །འདོད་པའི་དོན་དུ་གསོལ་བ་ཉེར་བཏབ་པའི། །གསང་བའི་སྔགས་འདི་ཟློས་དང་ཚིག་འབྲུ་རེས། །བྱང་ཆུབ་སྙིང་པོའི་ལྡིང་ཁང་ཡངས་པ་རུ། །བདེ་བར་འཇུག་པ་གང་ལ་དོགས་མི་འཚལ་ལོ་ཞེས་པ་བཀའ་སྩལ་པ་ན
། །དེ་བཞིན་ཞེས་ཏེ་རབ་དང་ཡིད་ལ་ཚིག །སྙན་པོ་སྙིང་ལ་བརྣག་པའི་ཐག་པ་ཡིས། །དོན་ཆེན་ཡང་དག་དྲངས་ལ་བཀའ་ཡི་དྲིན། །གཟོ་བར་བརྗོད་ནས་རང་གི་གནས་སུ་སོང༌། །དེ་ལྟར་
མནལ་བའི་ལམ་དུ་མི་མ་ཡིན་ཉིད་ལ། །ཆོས་བསྟན་པ་ལ་བསྔགས་བརྗོད་ཀྱིས་ཅི་བྱ། །འདི་ནི་འཇིག་རྟེན་གསུམ་གྱི་འདྲེན་པ་མཆོག །ཉིད་ལ་བརྟེན་ཏེ་འགྲོ་ཀུན་འཚང་ཡང་རྒྱ། །བསམ་ཡས་ཀྱི་གཙུག་ལག་ཁང་
དེར་ནི་བདག་ཉིད་ཆེན་པོ་དེའི་
ཕྱག་སོར་རྩེ་ལས་བདེར་བབས་པའི། །མཚོ་དང་ངང་པ་མགོ་གཉིས་པ་དང་
ཨུཏྤ་ལའི་ལྟེ་བར། །ཤེས་རབ་རལ་གྲིའི་གཟུགས་བརྙན་དང་བཅས་པ་ད་ལྟ་སྡོམ་བརྩོན་དམ་པར་གྲགས་པ་འདི་བཀོད་པ
ས་མཁས་རྣམས་འདུ་བ་དང༌། །བྱིན་ཟ་གཏུམ་པོའི་འཇིགས་པ་རྒྱང་བསྲིངས་མཛད། །སྲིད་པའི་བུད་ཤིང་ཡེ་ཤེས་མེ་ཆེན་གྱིས། །བསྲེགས་པའི་རོ་བཞིན་སོལ་ནག་ཐང་ཆེན་པོར་ཕེབས་པའི་དུས
། །ཡ་མཚན་རྡོ་སྐུའི་ཞལ་ལས་སྒྱུ་འཕྲུལ་དྲ་བ་
གླུར་བླངས་རྒྱུད་ཀྱི་ལེའུ
། །འཇམ་དཔལ་མཚན་ནས་ཡང་དག་དེ་ལ་བརྗོད། །ནམ་ཞིག་མཐུ་ཡི་ཏོག་མཐོ་བ། །གྲགས་པའི་གོས་ཅན་སྲིད་གསུམ་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ། །ནུབ་པའི་དུས་མེད་བསྒྲེང་བ་ཅན། །ཡེ་ཤེས་ཀྱིས་དག་རྙོག་མེད་སྐུའི། །དཀྱིལ་འཁོར་བསམ་མི་ཁྱབ་པའི་ཤེལ། །གཙང་མའི་ངོས་ཀྱང་གཞན་སྣང་དུ། །དྲི་མའི་ཆགས་མཚོན་འཛིན་བསྟན་ཚེ། །བླ་མ་རྗེ་བཙུན་ཆེན་པོ་
དེ་ཡི་ཆེད་དུ་བདག་ཉིད་ཆེན་པོ་དེའི་
སྒོ་གསུམ་ཡུལ། །གཅེས་