[A:༢༣༡]པ་མེད་པར་བཏང་བའི་སྲོག །དགེ་བའི་ལས་སུ་དཀར་བས་བཟུང༌། །སྲིད་ཞུས་མཉེས་པར་བྱས་པའི་མཐར། །དད་དང་ཐུགས་རྗེའི་ཆེ་བ་ཡང༌། །འགྲན་བཞིན་བླ་མའི་རྣལ་འབྱོར་གྱི། །རྡུལ་བྲལ་ཆོས་ལམ་དེར་དུས་གསུམ། །སངས་རྒྱས་བྱོན་པའི་ཟབ་དོན་བསྟན། །དེ་ལྟའི་ཡོངས་འཛིན་རྒྱལ་ཀུན་གྱི། །འདུས་ཞལ་གཅིག་ཏུ་ངེས་བསྟན་པའི། །མགོན་པོ་འཇམ་པའི་དབྱངས་དངོས་སུ། །གཟིགས་ལས་ཆོས་རྣམས་མངོན་སུམ་རིག །སྐྱེ་བའི་ཟློས་བུ་འདི་ལ་གང༌། །འགྲོ་མང་མྱ་ངན་འདས་བརྟེན་པའི། །བྱ་བ་མ་རྫོགས་
ཀྱི་བར་དུ་
ཞིང་གཞན་དུ། །གཤེགས་པའི་མཚན་མ་བྱུང་བ་
ལས་རབ་གྲོལ། །སྤང་བྱ་མ་ལུས་བཏུལ་བ་ཡི། །མཆོག་གི་རྒྱལ་རྔ་བཅུ་གསུམ་དུ། །བརྡུང་བའི་གོ་འཕང་བླ་ན་མེད། །ཐོབ་པའི་ཉམས་དང་རྟོགས་པ་ཤར། །མི་དང་མི་མ་ཡིན་ཐམས་ཅད། །སྐྱབས་སུ་སོང་བའི་ཁུར་གཅིག་ཏུ། །ཁྱེར་བའི་ལྷག་བསམ་ཕྲག་པ་ལ། །སྲིད་པ་གསུམ་གྱི་གཏན་བདེ་གནས། །དམ་པའི་དངོས་པོའི་གྲིབ་ཀྱི་བསིལ་ལ་ཕྱིར་བཟློག་མེད་པའི་རྩ་བ་བརྟན་པར་ཟུག །སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་རྣམས་ཀྱི་
ཕ་རོལ་ཕྱིན་པའི་ཡལ་ག་དང་ལྡན་ཁྱབ་བྱེད་རྒྱལ་བའི་ངང་ཚུལ་འབྲས་བུས་དུད། །བདེ་བླག་ཏུ་བསྐྲུན་མཐུ་ཡི་རྦ་རླབས་ཀུན་ཏུ་དགེ་བའི་རང་འདོད་བཞིན་དུ་འཇོ། །སྲིད་ཞིའི་མཐའ་ཆེན་གཉིས་ལས་འགོངས་པའི་ར་བར་གནས་པ་མཆོག་གི་ལྗོན་པ་སྟེ། །ཡེ་ཤེས་སྤྱི་ཡི་མེ་ལོང་གྱུར་པ་ལ། །འཇམ་པའི་དབྱངས་རང་ཉིད་དང་མི་གཡོ་བ། །བདེ་གཤེགས་ཡུམ་གཅིག་མྱུར་སྐྱོབ་ལྷ་མོའི་ཞལ། །མངོན་དུ་གཟིགས་པའི་དོན་གཉིས་མཐའ་རུ་ཕྱིན། །སྙིང་ག་ན་སྤུའི་བྱེ་བྲག་
དཔལ་གྱི་བེའུས་མཚན་པ་ལང་ཚོ་མའི། །རྣམ་འཕྲུལ་གར་གྱིས་བླངས་པ་འཆི་མེད་ཀྱི། །ནི་སྔོན་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་བྱུང་སྟེ་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་བ་དང༌། ལྷ་རྣམས་ཡི་མུག་པར་གྱུར་པ་ན་ཁྱབ་འཇུག་གིས་ཤིན་ཏུ་ཡིད་དུ་འོངས་ཤིང་གཟུགས་བཟང་བའི་བུད་མེད་ཞིག་ཏུ་གྱུར་ཏེ་སོང་བ་ལ། ལྷ་མིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས་བདུད་རྩིའི་སྲུང་མར་བཞག་སྟེ། ཁྲུས་ལ་སོང་བའི་ཚེ་ཁྱབ་འཇུག་གིས་བདུད་རྩི་བརྐུས་ནས་བརྒྱ་བྱིན་གྱི་ ཁང་པར་ཁྱེར་རོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་དོ། །དེ་དུས་ཀྱི་
བདུད་