R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༠༨
[A:༣༠༨] རྐྱེན་སྒྲུབ་པ་སུ་བནྟིའི་རྣམ་པར་གཞག་པ་ཅི་རིགས་པ་དང༌། སྡེབ་སྦྱོར་ལ་ཡི་གེ་ལྕི་བ་དང༌། ཡང་བ་ལ་སོགས་པ་སྦྱོར་བའི་ཚུལ་སྟོན་པ་པྲསྟ་རའི་འགོད་ཚུལ་བསླབས་ཤིང༌། སློབ་དཔོན་ཙནྡྲ་གོ་མིས་རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པའི་སྡེབ་སྦྱོར་དི་པ་ར་ཞེས་བྱ་བ་དང༌། ཆོས་རྗེ་པཎ་ཆེན་ཤཱཀྱ་ཤྲཱི་ཞེས་བྱ་བ་དང༌། པ་ར་ཧེ་ཏ་བྷ་དྲ་ལས་བརྒྱུད་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་དང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འགྲེལ་པ་དང་བཅས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ། ཚིགས་སུ་བཅད་པ་གཅིག་པའི་མདོ། ཚིགས་སུ་བཅད་པ་གཉིས་པ། སྒྱུ་འཕྲུལ་དྲ་བའི་རྗེས་སུ་འབྲང་བ་རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས་རྣམས་གསན་ནོ། །བླ་མ་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་གློ་བོ་ལོ་ཙཱ་བ་ལས། གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། དེའི་དཀྱིལ་ཆོག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། ལྷ་བཅུ་གསུམ་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། སློབ་དཔོན་བིརྺ་པས་མཛད་པའི་ལྷ་ལྔ་མའི་སྒྲུབ་ཐབས། སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས། རང་བྱིན་བརླབ། སློབ་དཔོན་བིརྺ་པས་མཛད་པའི་འཁྲུལ་འཁོར་གྱི་ཆོ་ག །གཤིན་རྗེའི་གཤེད་དམར་པོ་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཁྲུལ་འཁོར་གྱི་ཆོ་ག་རྒྱས་པ། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་དེ་ཁོ་ན་ཉིད། སློབ་དཔོན་རྣམ་སྣང་སྲུང་བས་མཛད་པའི་དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་བིརྺ་པས་མཛད་པའི་ཆོ་ག་རྒྱས་པ། དརྤན་ཨ་ཙཱརྱ་ལས་བརྒྱུད་དེ་འོངས་པའི་རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ངག །ཤིན་ཏུ་སྤྲོས་མེད་ཀྱི་མན་ངག །སྲོག་གི་དེ་ཁོ་ན་ཉིད། བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག །གཏོར་མའི་ཆོ་ག །ཡུམ་