R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༡༠
[A:༣༡༠]སྒྲུབ་ཐབས་ཡན་ལག་དང་བཅས་པ། རྡོ་རྗེ་ཕག་མོ་ཤེས་རབ་སྣང་བའི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ། རྡོ་རྗེ་རྣལ་འབྱོར་མ་གྱེན་ཞབས་ལྷ་ལྔའི་བྱིན་རླབས་ཀྱི་བཀའ་ཞུས་ནས་དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གསན་ནོ། །ཡང་སློབ་དཔོན་ལོ་ཡི་པས་མཛད་པའི་བདེ་མཆོག་གི་སྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་ཉིད་ཀྱིས་མཛད་པའི་བདེ་མཆོག་གི་མངོན་པར་རྟོགས་པ་རྒྱས་པའི་འགྲེལ་པ། པྲཛྙཱ་རཀྵི་ཏས་མཛད་པའི་ཕྱི་མཆོད། ལག་མཆོད། གཏོར་མའི་ཆོ་ག་གསུམ་དང༌། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་བདེ་མཆོག་གི་བསྟོད་པ། སློབ་དཔོན་ཌོམྦྷི་པས་མཛད་པའི་བདེ་མཆོག་གི་བསྟོད་པ། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་བདེ་མཆོག་གི་བཀྲ་ཤིས། རྡོ་རྗེ་ཕག་མོའི་བསྟོད་པ་མདོར་བསྡུས་པ། རྡོ་རྗེ་ཕག་མོའི་བསྟོད་པ་རྡོ་རྗེ་རོལ་པ་མ། དགེས་པ་རྡོ་རྗེའི་བསྟོད་པ་ཉི་ཤུ་ཕྱེད་པ། སློབ་དཔོན་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པའི་རིགས་ལྡན་མ་མཆོད་པའི་ཆོ་ག་རྒྱས་པ། ཇོ་བོ་བྷ་དནྟས་མཛད་པའི་བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་རྒྱས་པ་རྣམས་གསན་ནོ། །ཡང་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཞུས་ནས། བཤད་པའི་རྒྱུད་མནྟྲ་ཨཾ་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ། རྣལ་འབྱོར་ནམ་མཁའི་མངོན་པར་རྟོགས་པ་རྒྱས་པ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་མོ་བཅུ་གསུམ་གྱི་མངོན་རྟོགས། རྡོ་རྗེ་གདན་བཞིའི་རྫོགས་རིམ། འཕོ་བའི་མན་ངག་རྣམས་གསན་ནོ། །ཡང་བཅོམ་ལྡན་འདས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསན་ནོ། །འཇམ་དཔལ་མཚན་ཡང་དག་པར་བརྗོད་པའི་རྒྱུད་དང༌། དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། དེ་ཉིད་ཀྱིས་མཛད་པའི་དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས། སློབ་དཔོན་ཨ་ཤྭ་ཀ་ཤྲཱིས་མཛད་པའི་འཇིགས་བྱེད་