R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༡༡
[A:༣༡༡]ཀྱི་སྒྲུབ་ཐབས། བུམ་པའི་ཆོ་ག །མཆོད་རྟེན་གྱི་ཆོ་ག་མདོར་བསྡུས་པ། འཇམ་དཔལ་གྱི་སྒྲུབ་ཐབས། གཏོར་མའི་ཆོ་ག །སྤྱོད་ལམ་གྱི་ཆོ་ག །གཤིན་རྗེ་དགྲ་ནག་གི་སྒྲུབ་ཐབས། ཨ་ཝ་དྷཱུ་ཏཱི་པས་མཛད་པའི་སྦྱིན་སྲེག་གི་ཆོ་ག །སློབ་དཔོན་གཉིས་མེད་སྦས་པས་མཛད་པའི་ཡེ་ཤེས་སེམས་དཔའི་དེ་ཁོ་ན་ཉིད་སྒྲུབ་ཐབས། ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མདོར་བསྡུས་པ། ཐུགས་རྗེ་ཆེན་པོ་པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག་པ། མི་གཡོ་བའི་རྟོག་པ་དགུ་པའི་རྒྱུད། དེའི་སྒྲུབ་ཐབས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་རྣམས་དང༌། ཡང་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དང༌། རྣམ་འཇོམས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཞུས་ནས། ཕྱག་ན་རྡོ་རྗེའི་རྒྱུད་དྲག་པོ་གསུམ་འདུལ། བཤད་རྒྱུད་ལྟ་བུ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད། དྲག་པོ་གསུམ་འཇོམས་ཀྱི་རྒྱུད་དེ་རྒྱུད་གསུམ་དང༌། དྲག་པོ་གསུམ་འཇོམས་ཀྱི་འགྲེལ་པ་སློབ་དཔོན་ཛ་ཝ་རི་པས་མཛད་པའི་བདུད་རྩིའི་མྱུ་གུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །འཁོར་ལོ་ཆེན་པོའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིགས་པ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་མདོར་བསྡུས་པ། རིམ་པ་དྲུག་པ། རྟགས་གསལ་བ། ཀླུ་རིགས་བཞི་སྒྲུབ་པའི་ཐབས། གནོད་སྦྱིན་གྱི་སྒྲུབ་ཐབས། བདུད་བཟློག་པའི་ཆོ་ག །སྦྱིན་སྲེག་གི་ཆོ་ག་རྒྱས་པ། བསྡུས་པ། ཁྲོ་བོ་བསད་པའི་ཕྲིན་ལས། མཛེ་ནད་ཀྱི་མཚན་ཉིད། ཀླུ་རིགས་བཞི་གསད་པ། མནན་པ། གསོ་བའི་ཆོ་ག །ཕྱག་ན་རྡོ་རྗེ་མཆོད་པའི་ཆོ་ག །གོས་སྔོན་པོ་ཅན་གྱི་གཏོར་མའི་ཆོ་ག །རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས། སློབ་དཔོན་ས་ཝ་རི་པས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ། ཨོ་རྒྱན་གྱི་སློབ་དཔོན་ཨ་མོ་གྷ་སིདྡྷིས་མཛད་པའི་ཕྱག་ན་རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས། བྲམ་ཟེས་ར་