[A:༣༡༢]མ་ཏིས་མཛད་པའི་རྣམ་འཇོམས་ཀྱི་སྦྱིན་སྲེག །ས་བ་རི་པས་མཛད་པའི་རྡོ་རྗེ་ཁྲོ་བོས་གསད་པའི་ཆོ་ག་རྣམས་གསན་ཏེ། དེ་ལྟར་ན་འཇམ་དཔལ། ཐུགས་རྗེ་ཆེན་པོ། སྒྲོལ་མ་སྟེ་ཞི་བ་གསུམ་དང༌། མི་གཡོ་བ་ཕྱག་ན་རྡོ་རྗེ་རྣམ་འཇོམས་དང་ཁྲོ་བོ་གསུམ་སྟེ་ལོ་ཙཱ་བའི་ཆོས་དྲུག་ཏུ་གྲགས་པ་རྣམས་གསན་ནོ། །ཡང་དེ་ཉིད་ལས་འཁྲུལ་འཁོར་གྱི་སྔགས་ཀྱི་རིམ་པ། ལི་ལ་བཛྲས་མཛད་པའི་སྦས་པའི་སྤྱོད་པ་བསྡུས་པ། ཤེས་རབ་བླ་མ་ཉིད་ཀྱིས་ཐིག་གི་ཆོ་ག་ཉི་ཤུ་པ། ལི་ལ་བཛྲས་མཛད་པའི་ལས་ཀྱི་རིམ་པའི་མན་ངག །དེ་ཉིད་ཀྱིས་མཛད་པའི་རྣམ་པར་འཕེལ་བ་ཞེས་བྱ་བའི་མན་ངག་ཨ་མོ་གྷ་བཛྲས་མཛད་པའི་ཚིགས་སུ་བཅད་པ་བཅུ་པ། དེ་ཉིད་ཀྱིས་མཛད་པའི་ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག །སྦྱིན་སྲེག་གི་རྣམ་གཞག །དེ་ཝ་ཨ་ཀ་ར་ཙནྡྲས་མཛད་པའི་རིམ་པ་བཞིའི་བྱེ་བྲག་བསྟན་པའི་མན་ངག །ཀླུའི་དབྱངས་ཀྱིས་མཛད་པའི་རོ་བསྲེག་པའི་ཆོ་ག །འཁྲུལ་འཁོར་གྱི་ཆོ་ག །ལ་ལི་ཏ་བཛྲས་མཛད་པའི་མཆོད་རྟེན་གྱི་ཆོ་ག་རྒྱས་པ། བསྡུས་པ། སྲུང་འཁོར་གྱི་ཆོ་ག །ལ་ལི་ཏ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །ཨ་མོ་གྷ་བཛྲས་མཛད་པའི་འཇིགས་བྱེད་ཀྱི་སྒྲུབ་ཐབས། ཡེ་ཤེས་འབྱུང་གནས་སྦས་པས་མཛད་པའི་སྒྲུབ་ཐབས། ལ་ལི་ཏ་བཛྲས་མཛད་པའི་མཎྜལ་གྱི་ཆོ་ག་རྣམས་གསན་ནོ། །ཡང་ས་ལུགས་སུ་གྲགས་པའི་སྒྱུ་འཕྲུལ་མཐའ་དག་གི་རྩ་རྒྱུད་དུ་གྱུར་པ་གསང་བའི་སྙིང་པོའི་རྒྱུད། དཀྱིལ་འཁོར་གྱི་ཆོ་ག་དབང་རྡོ་རྗེ་ལས་ཀྱི་རིམ་པ། སྒྲུབ་པའི་ཐབས་སྒྱུ་འཕྲུལ་ལམ་གྱི་རིམ་པ། ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས། རིན་པོ་ཆེའི་དྲ་བ། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་སྒྲུབ་ཐབས་དམ་པའི་རྒྱན་ཞེས་བྱ་བ་རྣམས་གསན་ཅིང༌། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། ཕུར་པ་རྩ་དུམ་དང༌། དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་པདྨས་མཛད་པ། སྒྲུབ་པའི་ཐབས་ཕྲིན་ལས་དང་བཅས་པ་གསན་ནོ། །ཡང་རྡོ་རྗེ་