[A:༣༡༨]གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། བིརྺ་པས་མཛད་པའི་གཤེན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་ཐབས། ཕྱོགས་སྐྱོང་བཅུ་བཞིའི་གཏོར་མའི་ཆོ་ག །སྒྲུབ་པ་མཎྜལ་གྱི་ཆོ་ག །སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་འཁྲུལ་འཁོར་གྱི་ཆོ་ག །དུས་དང་མཐུན་པའི་འཁྲུལ་འཁོར་གྱི་ཆོ་ག །ཡང་འཁྲུལ་འཁོར་གྱི་ཆོ་ག །ལས་ཚོགས་ཀྱི་ཆོ་ག་རྒྱས་པ་དང༌། ཡང་སློབ་དཔོན་དེ་ཉིད་ལས་རྡོ་རྗེ་ཕག་མོ་ལྷ་སུམ་ཅུ་རྩ་བདུན་མ་དང༌། ལྷ་བཅུ་གསུམ་མ་དང༌། ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། རྡོ་རྗེ་ཕག་མོ་མངོན་བྱུང་གི་རྒྱུད། སློབ་དཔོན་ཨུ་མ་པ་ཏི་དང་ཏས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག །སྒྲུབ་པའི་ཐབས་བླ་མ་རས་པས་མཛད་པའི་ལག་ཏུ་བླང་བའི་རིམ་པ། ཨ་མོ་གྷ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །སྦྱིན་སྲེག་གི་ཆོ་ག །ཤཱནྟི་པས་མཛད་པའི་ཚོགས་འཁོར། སློབ་དཔོན་འཇམ་པའི་དབྱངས་ཀྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་གཤིན་རྗེའི་གཤེད་དགྲ་ནག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། དེ་ཉིད་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག །གཞོན་ནུ་གདོང་པ་དྲུག་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དུས་ཀྱི་འཁོར་ལོའི་འགྲེལ་པ་པདྨ་ཅན་ཡན་ལག་བཞི་པའི་སྒྲུབ་ཐབས། དོན་དམ་པའི་བསྙེན་པ་དུས་འཁོར་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རོ་བསྲེག་གི་ཆོ་ག །དུས་འཁོར་གྱི་བསྟོད་པ། ཁམས་དྲུག་བསྟན་པ། ཨེ་ཝཾ་སྒྲུབ་པ། གཟའ་བཅུའི་གསལ་བྱེད། བིརྺ་པའི་ལུགས་ཀྱི་འཆི་མེད་སྒྲུབ་པ་གཞུང་ལག་ལེན་དང་བཅས་པ། ཡུ་མོ་ལུགས་ཀྱི་སྦྱོར་དྲུག་གི་མན་ངག །རྭ་ལུགས་ཀྱི་སྦྱོར་དྲུག་གི་མན་ངག །ཤང་པ་ཐུ་གུ་པའི་ལུགས་ཀྱི་ཆོས་སྐྱོང་ཕྱག་དྲུག་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པ། རྭ་ལུགས་ཀྱི་པར་བུའི་ཆོ་ག་ཡན་ལག་དང་བཅས་པ། བརྟག་པ་