R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༡༩
[A:༣༡༩]གཉིས་པའི་རྒྱ་ཆེར་འགྲེལ་པ་ཇོ་བོ་ནཱ་རོ་པས་མཛད་པ་མན་ངག་འགའ་ཞིག་དང་བཅས་པ་གསན་ནོ། །ཡང་དེ་ཉིད་ལས་རྡོ་རྗེ་ཕག་མོ་ཀུརྨ་པ་ཏིའི་བྱིན་རླབས་ཀྱི་བཀའ་ཞུས་ནས། དེའི་སྒྲུབ་ཐབས་མན་ངག་དང་བཅས་པ། ཚོགས་ཀྱི་བདག་པོ་དཀར་པོའི་གཟུངས། སྒྲུབ་པའི་ཐབས་སྣ་ཚོགས་དང་བཅས་པ། ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་ཐབས་ལས་སྣ་ཚོགས་དང་བཅས་པ། ཨ་པ་ར་ཛི་ཏའི་སྒྲུབ་ཐབས་ཡན་ལག་དང་བཅས་པ། ཛཾ་གུ་ལིའི་གཟུངས་སྒྲུབ་ཐབས་ཡན་ལག་དང་བཅས་པ། པརྞ་ཤ་བ་རིའི་གཟུངས་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསན་ནོ། །སློབ་དཔོན་དགེ་བའི་བཤེས་གཉེན་ཉི་མ་དཔལ་ལས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་བཤད་པའི་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་དུམ་བུ་བཞི་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱུད་ཡོངས་སུ་རྫོགས་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ། བྲམ་ཟེ་ནག་པོ་ཞབས་ཀྱིས་མཛད་པའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ཨ་བྷྱཱ་ཀ་ར་གུཔྟས་མཛད་པ། དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བའི་རྩིས་ཀྱི་བསྟན་བཅོས། མགོན་པོ་མངོན་བྱུང་གི་རྒྱུད་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས། དེའི་སྒྲུབ་ཐབས་ལས་སྣ་ཚོགས་དང་བཅས་པ། སྦྱིན་སྲེག་གི་ཆོ་ག །ལས་མཁན་ཞིང་སྐྱོང་གི་སྒྲུབ་ཐབས། ལེའུ་ཉི་ཤུ་པ་འབངས་ལྟར་སྒྲུབ་པའི་ཐབས། རྣམ་སྣང་སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ། ཏིང་ངེ་འཛིན་རྒྱལ་པོའི་མདོ། སློབ་དཔོན་འཇམ་དཔལ་གྲགས་