[A:༣༢༠]པས་མཛད་པའི་འགྲེལ་པ་གྲགས་པའི་ཕྲེང་བ་དང་བཅས་པ་གསན་ནོ། །ཡང་དེ་ཉིད་ལས་དགེ་བའི་བཤེས་གཉེན་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་སྤྲིང་ཡིག་བདུད་རྩིའི་ཕྲེང་བ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་སློབ་དཔོན་རྒྱལ་སྲས་གྲགས་པའི་བཤེས་གཉེན་ཞེས་བྱ་བས་མཛད་པ་དོན་གསལ་བ་ཞེས་བྱ་བ་སྟོང་ཕྲག་བཅོ་ལྔ་པ། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ། སློབ་དཔོན་རྒྱ་མཚོའི་སྤྲིན་ཞེས་བྱ་བས་མཛད་པ་སྟོང་ཕྲག་བཅུ་གཉིས་པ། པཉྩ་སྐནྡྷའི་འགྲེལ་པ་སློབ་དཔོན་བློ་གྲོས་བརྟན་པས་མཛད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བ་སྟོང་ཕྲག་ཕྱེད་དང་གཉིས། རྣལ་འབྱོར་ཆེན་པོའི་རྒྱུད་སངས་རྒྱས་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་དང་བཅས་པ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་བདུད་རྩི་ཞེས་བྱ་བ་སློབ་དཔོན་རབ་ཞི་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་སྒྲུབ་ཐབས་དང་བཅས་པ། རྣལ་འབྱོར་ཆེན་པོའི་རྒྱུད་སངས་རྒྱས་ཐོད་པ་ཞེས་བྱ་བ་དང༌། དེའི་དཀྱིལ་འཁོར་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསན་ཅིང་མཁྱེན་པར་མཛད་ནས། སླར་ཡང་སློབ་དཔོན་ཞང་མངོན་པ་བ་རྡོ་རྗེ་རིན་ཆེན་ལས་ཀུན་ལས་བཏུས་བཤད་པ་དང་བཅས་པ་ཚར་གཅིག །ཀུན་ལས་བཏུས་ཀྱི་འགྲེལ་པ། ཐེག་བསྡུས་ཀྱི་འགྲེལ་པ་སློབ་དཔོན་བཙུན་པས་མཛད་པའི་བཤད་སྦྱར་དོན་གསང་རྣམ་པར་ཕྱེ་བ་ཞེས་བྱ་བ་རྣམས་གསན་ནོ། །སློབ་དཔོན་དགེ་བའི་བཤེས་གཉེན་འབུམ་པ་འོད་ཟེར་ཤེས་རབ་ཞེས་བྱ་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པར་གྲགས་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དཾཥྟྲ་སེ་ནས་མཛད་པའི་དཀའ་འགྲེལ། ཁ་ཆེ་སྤྱན་གཅིག་པས་མཛད་པའི་མཚམས་སྦྱོར་གྱི་འགྲེལ་བ་རྣམ་བཤད་དང་བཅས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟིས་མཛད་པའི་བསྡུས་དོན་གྱི་འགྲེལ་པ་དང་བཅས་