R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༢༡
[A:༣༢༡]པ་གསན་ནོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། འཇམ་དཔལ་གྱིས་ཞུས་པའི་བདུན་བརྒྱ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། ཡི་གེ་ཉུང་ངུ༌། ཀཽ་ཤི་ཀས་ཞུས་པའི་མདོ། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཁོངས་སུ་གྱུར་པ་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ། འཕགས་པ་ལང་ཀར་གཤེགས་པའི་མདོ། དགོངས་པ་ངེས་པར་འགྲེལ་པའི་མདོ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ། འཕགས་པ་བཟང་པོ་སྤྱོད་པའི་མདོ། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་སློབ་དཔོན་རྒྱན་བཟང་པོས་མཛད་པའི་འགྲེལ་པ་དང་བཅས་པ་རྣམས་གསན་ནོ། །ཡང་སློབ་དཔོན་འདུལ་བ་འཛིན་པ་ཤཱཀྱ་བྱང་ཆུབ་ཅེས་བྱ་བ་ལས། དགེ་སློང་མའི་སོ་སོར་ཐར་པ། དགེ་སློང་གི་ཚིག་ལེའུར་བྱས་པ། བསླབ་པ་བཞིའི་མདོ། འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་པ། ལས་ཀྱི་ཆོ་ག་སྟོན་པར་བྱེད་པ་ཀརྨ་ཤ་ཏཾ་སུམ་སྟོང་བདུན་བརྒྱ་པ། འདུལ་བ་ལ་བསྟོད་པ། མདོའི་འགྲེལ་པ། འདུལ་བ་འཛིན་པ་ལ་བསྟོད་པ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ལྟུང་བ་ལྕི་ཡང་བསྟན་པའི་མདོ། གཎྜཱིའི་མདོ། འཁར་གསིལ་གྱི་མདོ། འཁར་གསིལ་བཅང་པའི་ཀུན་སྤྱོད། དགེ་སློང་གི་ལོ་དྲི་བ། དགེ་ཚུལ་གྱི་ལོ་དྲི་བ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ། སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ། དྲི་བའི་ཚིག་ལེའུར་བྱས་པ་རྣམས་རྒྱ་གར་ནས་བསྒྱུར་བ་དང༌། གཞི་ཀུན་སྤྱོད། སྡེ་ལྔ་ཀུན་སྤྱོད། ཆོ་ག་ཀུན་སྤྱོད་རྣམས་བོད་ཀྱི་འདུལ་བ་འཛིན་པས་སྦྱར་བ་སྟེ་རྣམ་གྲངས་ཉི་ཤུ་རྩ་གཉིས་གསན་ནོ། །སློབ་དཔོན་དགེ་བའི་བཤེས་གཉེན་སྡོམ་