R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༢༤
[A:༣༢༤]ཡོན་ཏན་དང་ལྡན་པ་མ། ཀྲིཥྞ་པས་མཛད་པའི་དྲན་པ་མ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྟོག་པ། ཀུ་རུ་ཀུལླེའི་རྟོག་པ་ལྔ་པ། སྟོང་ཆེན་མོ་རབ་ཏུ་འཇོམས་མ། རྨ་བྱ་ཆེན་མོ། སོ་སོར་འབྲང་བ་ཆེན་མོ། བསིལ་བའི་ཚལ་གྱི་མདོ་ཆེན་མོ། གསང་སྔགས་རྗེས་སུ་འཛིན་མ་ཆེན་མོའི་མདོ། འཇམ་དཔལ་ནམ་མཁའ་ལྟར་ཡངས་ཤིང་དྲི་མ་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་དང་བཅས་པ། རྡོ་རྗེ་གུར་རིགས་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་དང༌། ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་ཚེ་དབང་ཞུས་ནས། ཚེ་དཔག་མེད་ཀྱི་གཟུངས། སློབ་དཔོན་ཛེ་ཏཱ་རི་པས་མཛད་པའི་སྒྲུབ་ཐབས། འཆི་མེད་རྔ་སྒྲའི་རྒྱལ་པོའི་གཟུངས། གསང་བ་འདུས་པའི་རྩ་རྒྱུད། སློབ་དཔོན་ཤཱནྟི་པས་མཛད་པའི་འགྲེལ་པ་སྙིམ་པའི་མེ་ཏོག །སློབ་དཔོན་དྲི་མེད་སྦས་པས་མཛད་པའི་ལེའུ་བཅུ་བདུན་པའི་འགྲེལ་པ། སློབ་དཔོན་ཟླ་བ་འོད་ཀྱིས་མཛད་པའི་ལེའུ་བཅོ་བརྒྱད་པའི་འགྲེལ་པ་རྒྱན་ཞེས་བྱ་བར་གྲགས་པ་དང༌། སློབ་དཔོན་ཙི་ལུ་པས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང༌། སློབ་དཔོན་ཐ་ག་ན་རྒྱལ་བའི་རྡོ་རྗེས་མཛད་པའི་འགྲེལ་པ་ཐ་ག་ན། གསང་བ་འདུས་པའི་སྒྲུབ་ཐབས་བརྟན་པའི་ནོར་ཐམས་ཅད་པ། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག །སྒྲུབ་ཐབས་ཀུན་ཏུ་བཟང་པོའི་འགྲེལ་པ་ཐ་ག་ནས་མཛད་པ་དང༌། གསང་བ་འདུས་པའི་སྒྲུབ་ཐབས་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་ཀུ་མུ་ཏི། བརྟག་གཉིས་ཀྱི་འགྲེལ་པ་པདྨ་ཅན། མུ་ཏིག་ཕྲེང་བ། བརྟག་གཉིས་ཀྱི་འགྲེལ་པ་དྲན་པའི་འབྱུང་གནས། རྩ་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཚོགས།