[A:༣༢༥] ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་རྒྱུད་ཀྱི་འགྲེལ་པ་གཉིས་ཀའི་བཤད་སྦྱར། སློབ་དཔོན་སྐལ་ལྡན་གྲགས་པས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ། དཔའ་བོ་ཡིད་དུ་འོང་བའི་དཀའ་འགྲེལ། མི་ཐུབ་ཟླ་བས་མཛད་པའི་ཡི་གེ་བདུན་པའི་སྒྲུབ་ཐབས། ཨ་བྷ་ཡཱ་ཀ་རས་མཛད་པའི་བདེ་མཆོག་གི་དཀྱིལ་འཁོར་གྱི་སྒྲུབ་ཐབས་འགལ་སྤངས་ཞེས་བྱ་བ་རྣམས་གསན་ནོ། །ཡང་སློབ་དཔོན་དེ་ཉིད་ལས། སློབ་དཔོན་ལ་བ་པས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲུབ་ཐབས་ཀྱི་གཏེར་ཞེས་བྱ་བ། སློབ་དཔོན་ཨཱརྱ་དེ་བས་མཛད་པའི་རྡོ་རྗེ་མཁའ་འགྲོའི་བསྡུས་དོན་གྱི་འགྲེལ་པ། སློབ་དཔོན་ཛ་ལནྡྷ་རི་པས་མཛད་པའི་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་གྲུབ་པ། སློབ་དཔོན་དཔག་མེད་རྡོ་རྗེས་མཛད་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། སློབ་དཔོན་དགེ་བའི་མགོན་པོས་མཛད་པའི་རྣལ་འབྱོར་གྱི་གཏུམ་མོ། །སློབ་དཔོན་ཀུན་ས་ལི་པས་མཛད་པའི་སྙིང་པོའི་དེ་ཁོ་ན་ཉིད་བསྡུས་པ། སློབ་དཔོན་འཇིགས་མེད་གྲགས་པས་མཛད་པའི་ལྷན་ཅིག་སྐྱེས་པའི་སྣང་བ། རྡོ་རྗེ་ཕག་མོ་ལྷ་ལྔའི་སྒྲུབ་ཐབས་དྲིལ་བུ་པས་མཛད་པ། རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་དྲིལ་བུ་པས་མཛད་པ། རྡོ་རྗེ་གནོད་མཛེས་ཀྱི་སྒྲུབ་ཐབས་པྲཛྙཱ་རཀྵི་ཏས་མཛད་པ། ཡི་གེ་བདུན་པའི་སྒྲུབ་ཐབས་མཻ་ཏྲི་པས་མཛད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནཱ་རོ་པས་མཛད་པ། ཀ་ན་ཀ་ཤྲཱིས་མཛད་པའི་དཔའ་བོ་དྲུག་གི་སྒྲུབ་ཐབས། འཁོར་ལོ་སྡོམ་པ་འཆི་བ་བསླུ་བའི་སྒྲུབ་ཐབས། པྲཛྙཱ་རཀྵི་ཏས་མཛད་པའི་ནམ་མཁའ་ལྡིང་གི་སྒྲུབ་ཐབས། སློབ་དཔོན་དྲིལ་བུ་པས་མཛད་པར་གྲགས་པའི་རིམ་ལྔའི་འགྲེལ་པ། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་འགྲེལ་པ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། སློབ་དཔོན་ཀ་ལ་ཀལྤས་མཛད་པའི་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས། བྲམ་ཟེ་ནག་པོ་པས་མཛད་པའི་ཡི་གེ་བདུན་པའི་སྒྲུབ་ཐབས། པྲཛྙཱ་བྷ་དྲས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། པཎྜི་