R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༢༦
[A:༣༢༦]ཏ་མ་ན་ཀ་ཤྲཱིས་མཛད་པའི་དཔའ་བོ་གཅིག་པ་དུས་ཀྱི་འཁོར་ལོ་དང་བཅས་པའི་སྒྲུབ་ཐབས། སློབ་དཔོན་བྲམ་ཟེ་བྷྲི་ཀཾ་རས་མཛད་པའི་རྗེ་བཙུན་ཧེ་རུ་ཀའི་སྒྲུབ་ཐབས་མདོར་བསྡུས་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་གི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་ཀྱི་སྙིང་པོ། ཛམྦྷ་ལའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་དང་བཅས་པ། དེའི་འགྲེལ་པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། རྡོ་རྗེ་གུར་གྱི་འགྲེལ་པ་སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པ། རྡོ་རྗེ་གུར་ལེའུ་བཅོ་ལྔའི་འགྲེལ་པ། གསང་བ་འདུས་པ་རྒྱུད་ཕྱི་མའི་འགྲེལ་པ། ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། དམ་ཚིག་གསུམ་བཀོད་པའི་སྒྲུབ་ཐབས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད། རྙོག་པ་མེད་པའི་རྒྱུད། རབ་ཏུ་མི་གནས་པ་བསྟན་པའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གཉིས་སུ་མེད་པའི་རྒྱུད། མཚན་ཡང་དག་པར་བརྗོད་པ། རྩ་ལྟུང་གི་རྒྱ་ཆེར་འགྲེལ་པ། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ཅེས་བྱ་བ་ཤཱནྟི་པས་མཛད་པ། ཉི་ཁྲིའི་འགྲེལ་པ་དག་ལྡན། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་ཟེར། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ། སངས་རྒྱས་རྗེས་དྲན་གྱི་འགྲེལ་པ། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚུལ་གསུམ་གྱི་སྒྲོན་མ། སཱ་ལུ་ལྗང་པ། རྡོ་རྗེ་གཅོད་པའི་འགྲེལ་པ། རྣམ་སྣང་མངོན་པར་བྱང་ཆུབ་པའི་འགྲེལ་པ། འཇམ་དཔལ་མཚན་བརྗོད་ཕན་ཡོན་དང་བཅས་པའི་འགྲེལ་པ། ལེགས་པར་གྲུབ་པའི་སྒྲུབ་ཐབས། འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་སློབ་དཔོན་པྲཛྙཱ་མུ་ཏྲས་མཛད་པ། བ་རི་བའི་གསེར་ཆོས་སུ་གྲགས་པ་ནམ་མཁའ་དྲི་མེད་རིགས་བསྡུས་པའི་དབང་བསྐུར་བ་དང༌། སྐྱོ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་སོ། །ཡང་སློབ་དཔོན་སངས་རྒྱས་འབུམ་ལས་དཔལ་བདེ་