[A:༥བ]ཅན་དུ། སྒྲ་འཚམས་སྦྱོར་ལྔ་པ། རྒྱ་གར་གྱི་པཎྜི་ཏ་ཆོས་ཀྱི་ཉིག་བྱེད་ལ་ཆོས་རྗེ་སྲས་མཆོག་ཉིད་ཀྱིས་དངོས་སུ་གསན་པའི་སྒྲོལ་ལམ་ཨེ་ཀ་ཛ་ཊི་རལ་ཅིག་མའི་སྒྲུབ་སྐོར་ཡང་གསན་གསུང་། དེ་དུས་མངའ་རིས་ནས་བྱམས་གླིང་གྲྭ་ཚང་དྲུག་གི་བར་སྒོ་བར་བཞུགས་ཤིང་གྲྭ་དགོན་གྱི་འབྲེལ་སྟབས་ནས་ཆོས་རྗེ་རིན་པོ་ཆེ་དཔལ་ལྡན་པ་ལ་སེམས་བསྐྱེད་སོགས་སྤྱི་ཆོས་ཅུང་ཟད་ཙམ་འདྲའི་ཆོས་འབྲེལ་ཡང་གསན། རྣམ་རྒྱལ་མཁན་པོ་ཆོས་རྗེ་རྭ་སྟོན་ཡོན་ཏན་དཔལ་བཟང་པོའི་དྲུང་དུ། ཕར་ཚད་རོང་ཊིཀ་གི་སྟེང་ནས་སྤྱི་ཆོས་ལན་འགའ་ཡར་དང་། དབུས་གཙང་ལ་འབྱོན་དུས་དཔལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དབང་རྗོད་ཆོས་འདི་གསན། བསམ་རྩེ་ཀུན་སྤངས་པ་ཞེས། སྔོན་པཎ་ཆེན་ཆོས་ཀྱི་རྒྱལ་པོ་མངའ་རིས་ལ་ཕེབས་དུས་ཁོང་རང་གཅིག་པུ་ལ་སྨོན་ཐང་རྒྱལ་པོའི་ཁབ་སུ་དཔལ་མགོན་གདོང་བཞི་པ་གནད་དུས་སུ་ཤ་ཆེན་གྱི་དྲིས་གློ་བོའི་ལུང་པ་ཀུན་ཁེབས་པ་བྱུང་བར་གྲགས་པའི་དད་གུས་དམ་ཚིག་ཅན་ཞིག་ཡོད་པ་དེ་ལའང་ཞལ་བཞི་པའི་རྗེས་གནང་རྫོངས་ཆོས་སུ་ཞུས་