R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༥ན
[A:༥ན]ལ་འབད་པའི་རྒྱུ་འཕྲུལ་ཅན། གཞན་དུ་སྦས་པའི་བརྟུལ་ཞུགས་འཛིན་པའི་དཔལ། ཡོན་ཏན་ཚོགས་རྣམས་མ་རྫོགས་སློབ་ཚུལ་དང། ལ་ལར་བཤེས་གཉེན་བསྟེན་པའི་མཛད་པ་སོགས། དམན་མོས་དོན་དུ་དུ་མའི་ཟློས་གར་གྱིས། དྲང་དོན་ཐབས་ལ་མཁས་པའི་བརྡ་སྤྲོད་མཁན། དེ་ལྟར་སྐུ་ནས་གཞོན་ནུའི་དུས་ཉིད་ནས་ཡབ་ཡུམ་དག་གི་རྩ་བའི་ཡོན་བདག་མཆོད་དུ་གྱུར་པས་དེའི་སྟབས་ནས་ཆོས་རྗེ་དོན་གྲུབ་སེང་གེའི་དྲུང་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཤིང་། དོན་ཡོད་གྲུབ་པ་ཞེས་མཚན་མཆོག་དོན་ལྡན་དུ་གསོལ། ཡོངས་རྫོགས་དགེ་བསྙེན་གྱི་བསླབ་གཞི་ཞིག་མནོས་ཤེས་གསུང་ངོ་། དེ་ནས་ཐུབ་བསྟན་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་ཉེ་བར་བསྙེན་ནས། མཁན་པོ་སྲས་མཆོག་པ་ལ་གནས་ཀྱི་སློབ་དཔོན་ཞུས། ཀློག་སོགས་བྱ་ཆ་ཆོས་སྤྱོད་ཀྱི་རིམ་པ་ཕྲན་བུ་རྣམས་དང་། རྣམ་མང་རིགས་ལམ་གྱི་གནས་ལ་སྦྱངས་པ་ཨེན་ཙམ་ཡང་མཛད། ཕྱིས་འདི་ལ་མཉན་ཡོད་གསེར་མདོག་