[A:༦བ]བདུད་ལས་དང་དུ་བླངས་ལ་དམ་པར་འཛིན། སྐྱེ་བ་སྔ་མ་ཚོགས་གཉིས་གོམས་པའི་མཐུས། མི་བཟད་འཁོར་བའི་ནགས་ལས་རྒྱང་བསྲིངས་ཏེ། ཐར་འདོད་གདུལ་བྱའི་བསྟི་གནས་ཉམས་དགའ་བར། བློ་གསལ་རིགས་མཐུན་དག་དང་བག་ཕེབས་རྒྱུ། རིང་ནས་གོམས་པའི་ལྷག་བསམ་མདངས་བཀྲ་བས། ཉེ་བར་འཁྱུད་པའི་གུས་ལྡན་མ་ལིའི་དྲི། ཁྱོད་གཙུག་དཔག་བསམ་ལོ་མའི་བསིལ་ཡབ་དེར། ཡབ་རྗེ་ཞབས་ཟུང་ཁུ་བྱུག་རྣམ་པར་རོལ། བསྟེན་འཛིན་འདབ་ཆགས་ཡོངས་ཀྱི་སྤྱི་རྗེ་བོ། སྟོང་ཉིད་སྨྲ་བའི་ཁུ་བྱུག་ལྔ་རིག་རྗེ། མང་ཐོས་ནགས་ན་བསམ་བྱུང་ཤེས་རབ༹་ཀྱིས། ལེགས་བྱས་སྒྲུབ་ལ་གཤོག་སྒྲོ་རྣམ་པར་གཡོ། དེ་ལྟར་བདག་གི་འདྲེན་པ་དམ་པ་འདིས་གཙོ་བོར་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས་ཉིད་གཙོ་བོར་གྱུར་པའི་སྐྱེས་ཆེན་དམ་པ་འགའ་ལས་ཆོས་ཀྱི་བདུད་རྩི་གསན་པའི་སྙིམ་པས་ཇི་ལྟར་བཞེས་པའི་ཚུལ་ནི་དོང་པོར་གཙུག་ནོར་བུ་ཐམས་ཅད་མགོན་པའི་བཤེས་གཉེན་དཔལ་ཤཱཀྱ་མཆོག་ལྡན་ཉིད་ལས། དགེ་ཚུལ་གྱི་བསླབ་གཞི་གཙོ་བོར་མནོས་ཤིང་།