R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༧ན
[A:༧ན]སྡེ་སྣོད་གསུམ་དང་འབྲེལ་བའི་བཀའ་དང་བཀའི་དགོངས་འགྲེལ་རྨད་དུ་བྱུང་བའི་དོན་རྣམས་སུ་དུས་ཀུན་ཏུ་ཉེ་བར་མནོས་པ་ཡང་འདི་ལྟ་སྟེ། རྒྱ་ཆེན་ཐོས་པའི་ཁུར་གྱིས་མི་ངལ་བའི། རྨད་བྱུང་བསམ་པའི་བང་མཛོད་ལྟ་ན་སྡུག བཀའ་དང་བཀའ་ཡི་དགོངས་འགྲེལ་ཇི་སྙེད་པ། མ་ལུས་ཁྱོད་བློས་ཡོངས་སུ་བཟུང་བར་ངེས། འཕགས་མཆོག་རྣམ་གཉིས་ཤིང་རྟ་ཆེན་པོའི་སྲོལ། མ་འདྲེས་རང་གཞུང་ཚུགས་བར་ངེས་བཀྲལ་ཞིང་། གཞན་ཟེར་དབྱིངས་སུ་ལེན་ལས་ཕྱིར་ཕྱོགས་པའི། ཕྱིས་བྱུང་གཏམ་གྱིས་མ་བསྒྲིབས་སལ་ལེར་མཁྱེན། ཚད་མ་སྡེ་བདུན་འདུལ་མངོན་ལོགས་པ། མདོར་ན་ཐ་སྙད་ཆོས་ཀྱི་གཙུག་ལག་པར། ལན་ཅིག་མ་ཡིན་རྣམས་གྲངས་མང་པོར་ཡང་། ཤིན་དུ་ཞིབ་མོའི་བློ་ཡིས་རྣམ་པར་ཕྱེ། ཡབ་རྗེ་འཇམ་པའི་དབྱངས་ཀྱི་རྗེས་སློབ་པ། ཐུགས་མཛོད་མ་ལུས་དགོངས་པའི་གསང་བ་མཁན། གང་གསུང་གཙུག་ཏུ་ལེན་པའི་གདུང་ཤུགས་ཅན། སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་གཅིག་གྱུར་ཉིད། གཞན་ཡང་དབང་བསྐུར་རྡོ་རྗེ་ཕྲེང་བ་དཀྱིལ་འོར་བཞི་བཅུ་