[A:༧བ]ཞེ་ལྔའི་བདག་ཉིད་ཅན་དགེ་ལེགས་སྤེལ་བྱེད་གསུམ་དང་བཅས་པ། སྒྲུབ་ཐབས་རྒྱ་མཚོ། བརྒྱ་རྩ། གསུང་ངག་རིན་ཆེན་ལན་གསུམ་ནཻ་གུ་ཆོས་དྲུག་ལན་བཞི། ན་རོ་ཆོས་དྲུག ཤིན་ཏུ་སྤྲོས་མེད། གསང་འདུས་རིམ་ལྔ། ལམ་ཟབ་བླ་མའི་ནང་ཁྲིད་ཁྱད་པར་ཅན། ཐུགས་རྗེ་ཆེན་པོའི་སྒྲར་ཁྲིད། སྙིང་པོ་དོན་གསུམ། ཐིག་ཆེན་བློ་སྦྱོང་། དོ་ཧ་སྐོར་གསུམ་སོགས་དམ་པའི་ཆོས་དཔག་ཏུ་མེད་པའི་བཀའ་དྲིན་དང་། ཁྱད་པར་རྫོགསཔའི་སངས་རྒྱས་ཀྱིས་གསུངས། རིགས་གསུམ་མགོན་པོས་བཀྲལ། སྒྱུར་བྱེད་རྣམས་ཀྱིས་བསྒྱུར། པཎྜི་ཏ་རྣམས་ཀྱིས་བཤད། གྲུབ་ཆེན་རྣམས་ཀྱིས་བསྒོམས། མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་ཆོས་དཔལ་དུས་ཀྱི་འཁོར་ཐུགས་གསུང་སྐུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཆེན་པོར་རྡུལ་ཚོན་ལ་བརྟེན་ནས་བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་གསུམ་དངས་པ་སྔོན་དུ་སོང་ནས། རྒྱུད་ཀྱི་བཤད་བཀའ་ཡོངས་སུ་རྫོགས་པར་གསན། དེ་ནས་སྟོན་འཚམས་གཅིག་ལ་སྦྱོར་བ་ལན་ལག་
དྲུག་
པའི་མྱོང་ཁྲིད་