[A:༨ན]ལེགས་པར་གསན་པས། རྣམ་ཀུན་མཆོག་ལྡན་གྱི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ། བཞེད་དགོངས་ཇི་ལྟ་བར་མཁས་པ་དང་གྲུབ་པའི་སར་བཀོད་པའི་བཀའ་དྲིན་བསབ་པར་དཀའ་བའི་ཁུར་དང་ལྡན་པར་གྱུར་པས་ན། དུས་རྟག་དུའང་མི་བརྗེད་དྲན་པའི་ཡུལ་དུ་འབྲལ་བར་གྱུར་པའི་གནས་མེད་ཅིང་། གཞན་ལྟ་ཅི། ཐ་ན་བསྟན་བཅོས་ཀྱི་མཛད་བྱང་མཚན་ཙམ་ཡང་སྨོས་པའི་ཚེ་དབུ་ཞྭ་ཕུད་སྤྱི་བོར་ལེན་པ་ནི་ཡང་དང་ཡང་དུ་དུས་རྟག་ཏུ་མཛད་པ་དངོས་སུ་མཐོང་ལ། སྔོན་རྗེ་འདི་ཉིད་སློབ་གཉེར་མཛད་དུས་ཤིན་ཏུ་{བཀའ་དྲིན་}པའི་མཐར་ཐུག་པས། གསུང་ལས། ཐུག་ཚུལ་ལ་ང་རང་མིན་པ་གཞན་ཡེ་མེད་པ་ལན་འགའ་རེ་རང་བྱུང་གསུང་བ་ལ་བརྟགས་པས་ཤེས་ཤིང་། མདོར་ན་དུས་མཚུངས་པའི་སྐྱེས་བུ་ཀུན་ལ་ཡང་གསལ་ལ། དེ་ལྟའི་དུས་སུ་ཡང་ཟས་གོས་ཀྱི་སྤྲོ་བསྡུས་ཡེ་མི་མཛད་པར་ཐ་ན་ཕྱེ་ཚུན་ཡང་འཐག་པའི་ཏེ། ཡོས་ཙ་དང་ཆུ་རྐྱང་ལ་བརྟེན་ནས་