[A:༨བ]ཐོས་པ་ལེགས་པར་མཛད་ཅེས་གླེང་ངོ་། དེ་དག་ལ་འདི་སྐད་ཅེས་བརྗོད་དོ། སྲིད་པའི་དཔལ་ནི་དམ་པས་སྨད་པའི་གནས། འདི་ཉིད་དགོངས་པའི་སྐྱེས་བུ་རེ་རེ་ཙམ། འོར་བའི་བདེ་ལ་མ་ཆགས་ཞེན་བྲལ་བློས། ཐོས་པས་མི་ངོམས་དོན་འདི་ཁྱོད་ཀྱིས་མཛད། ཕ་ཡུལ་གཉེན་བཤེས་སྒྱུ་མའི་ནོར་སྤངས་ནས། གྱི་ནའི་
འཚོ་བས་
འཚོ་བའི་སྤོང་བ་པ། དམ་པའི་སྨོན་གནས་དྲེགས་པའི་སྙིང་པོའི་ཡུལ། གཅིག་ལ་གཉིས་སུ་སྣང་བའི་ཟློས་གར་སྟོན། གཉེན་བཤེས་ཆུ་འཛིན་དངས་བའི་སྔོ་སངས་ཅན། བཟའ་བཏུང་བདུད་རྩིའི་ཟིམ་ཆར་གྱིས་དབེན་པས། སྐུ་ཡི་དཔལ་ནི་རྩྭ་ཤིང་སྐམ་པོ་བཞིན། མཐོང་ཚེ་ཀུན་གྱི་ཡིད་ལའང་སྐྲག་པ་འབྱིན། ཞྭ་གོས་ལོགས་ཁྱོད་སྔོན་ཕྱག་དར་ཁྱོད། ཟ་མའི་ཚུལ་ནི་སྔོན་དུས་བསོད་སྙོམས་པ། སྡོམ་རྩན་ལྡན་པའི་ཉན་ཐོས་འོད་སྲུངས་ཀྱི། མཛད་པ་འདི་ཉིད་རིང་ཞིག་ཁྱོད་ཀྱིས་བསྟེན། ཞེས་པ་ལྟར་བཤད་པའི་དོན་ཉིད་སྙན་ངག་གི་ཟོལ་མ་ཡིན་པར་དངོས་པོའི་གནས་ལུགས་ལ་ཤིང་། དེ་དུས་