[A:༩ན]རྗེ་པཎྜི་ཏ་ཆེན་པོས་དུས་དང་གནས་སྐབས་ཀུན་དུ་ཆོས་དང་ཟང་ཟིངདུ་མའི་སྒོ་ནས་ཐུགས་ཀྱིས་ཉེ་བར་བསྐྱངས་ཤེས་ཐོས་སོ། དེ་སྐབས། རྗེ་འཇམ་པའི་དབྱངས་ཀྱི་ཕྱག་ཕྱིར། ཡང་སྲིད་བདུན་པར་གྱུར་པ་ཀརྨ་པ་མི་ཕམ་ཆོས་གྲགས་རྒྱ་མཚོ་ལ་ཡང་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་གསན། དེ་ཉིད་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་ཀྱི་དག་བྱེད་ཀྱང་རྗེ་འདི་ཉིད་ཀྱིས་མཛད་ཅེས་གྲགས་སོ། ཡང་སྔ་གོང་འཇམ་དབྱངས་ཆོས་རྗེའི་ཞབས་འབྲིང་དུ་ཉི་མ་དབུས་ཀྱི་རྒྱལ་ཁམས་ཆེན་པོ་ལ། ཆོས་དབར་ལ་ཕེབས་དུས་ཤྲཱི་ནཱ་ལེཐྲར་ཞྭ་ལུར་མྱེན་རབ་ཆོས་རྗེ་ལ་ཡང་ཆོས་འབྲེལ་ཙམ་གསན། རྗེ་རོང་སྟོན་གྱི་དངོས་སློབ་སློབ་དཔོན་རྒྱ་རྡོ་རྗེ་ལ་ཡང་རབ་དཀར་མ་སོགས་ལུང་ཕྲན་བུ་འདྲ་གསན་ཞིང་། མཚུར་ཕུའི་ངོ་གྲོ་རབ་འབྱམས་པ་ལ། རྣམ་སྲས་སེར་ཆེན་རྟ་བདག་བརྒྱད་ཀྱི་རྗེས་གནང་གསན། མཉན་ཡོད་གསེར་མདོག་ཅན་ཉིད་དུ་རྣལ་འབྱོར་དབུས་སྨྱོན་ཧེ་རུ་ཀ་ལ་དོ་ཧ་སྐོར་གསུམ་སོགས་འགའ་ཞིག རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་གཅིག་ཏུ་གྲུབ་པའི་བརྟུལ་ཞུགས་ལྟ་བུར་མཛད་པའི་བྲག་དམར་བ་ཞེས་ལྷ་བཅས་འགྲོ་བའི་