R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༡ན
[A:༡༡ན]ཁྱད་པར་མངའ་རིས་སྨོན་ཐང་རྒྱལ་པོ་ཡི། རྣ་བར་ལྷུང་པས་སྙིང་གི་པད་མོ་རྒྱས། དཀོན་ནོར་དུ་མའི་ཕྲེང་མཛེས་ཡིད་འོང་བ། བཀའ་རྟགས་ཡིག་གེའི་སྲད་བུར་བརྒྱུས་ནས་ནི། དོན་བྱེད་སྒྲུབ་ཁྱེད་མཛངས་པའི་བྱ་མ་རྟ། གསང་ཚིག་མགུལ་ཐོགས་དུ་མ་ཡང་ཡང་སྤྲོས། རབ་གུས་ཡིད་བཅུགས་གྱུར་པའི་ཤིང་རྟ་ཡིས། དོན་ཡོད་མྱེན་པའི་ཉི་མ་ལེགས་དྲངས་ནས། སངས་རྒྱས་བསྟན་པའི་པད་ཚངས་འབྱེད་འདོད་པའི། ཡིད་འོང་ཡིན་ལུགས་འཕྲེན་ཚིག་ཕན་ཚུན་སྤྲིངས། མངའ་རིས་ས་ཡི་ཁྱོན་ནི་ཤིན་དུ་ཆུང་། མཁས་པ་འདི་ཡི་ཡོན་ཏན་
རྒྱ་
ཆེ་ཕྱིར། སྣོད་དང་བཅུད་གཉིས་ལྷན་ཅིག་མི་འོས་ཤེས། དཔྱོད་ལྡན་དུ་མས་འགལ་བ་རྣམ་པར་བརྟགས། དགའ་ལྡན་ལྷ་རྣམས་འདི་འདྲའི་མཁས་པ་ནི། ས་ཡི་སྟེང་ན་གཞན་མེད་འདི་གཅིག་པུས། རྔོ་མ་ཐོགས་ཕྱིར་མ་ཕམ་བྱམས་པ་ཡི། རྒྱལ་ཚབ་ཉིད་ལ་འོས་པ་ཡིན་ནོ་སྐད། གཞན་ཡང་དེ་དུས་ཀླུ་སྒྲུབ་ཡབ་སྲས་དང་།