R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༠བ
[A:༡༠བ]དེའི་རིང་ལུགས་མཐའ་དག་མི་ནུབ་པར་རྗེ་འདི་ཉིད་ཀྱིས་ལེགས་པར་བསྒྲུབ་པར་མཛད་ཅིང་། ཟུར་འཆད་ཀྱི་གྲྭར་བཞུགས་དུས། ཕྱོགས་བཞིའི་གྲྭ་རིགས་ཀུན་གྱིས་རྗེ་འདི་ལ་བཏུད་དེ་འཆད་ཉན་ལྷག་པར་འཕེལ་བར་གྱུར་པ་ནི་འདི་ལྟ་སྟེ། ཕྱོགས་སུ་མ་ཆད་བདེ་བའི་དབུས་ན་ཀུན་གྱི་གཙུག་གིས་བཀུར་བའི་ཁྲིར། ལེགས་བཤད་གསར་བའི་དགའ་སྟོན་འགྱེད་ཚེ་འགྲོན་དུ་མི་འདུ་འདི་ན་གང་། ཁྱོད་གསུང་ངེས་པའི་བཅུད་ཀྱིས་མྱོས་པའི་བློ་གསལ་རྐང་དྲུག་ལྡན་པའི་ཚོགས། ཆོས་ཀྱི་འདུན་པའི་མེ་ཏོག་ཟླུམ་རར་
སྔོན་མེད་
ལེགས་བཤད་ང་རོ་འབྱིན། ཉིན་མཚན་མེད་པའི་ཆོས་ཀྱི་ཚུལ་ནི་དགའ་ལྡན་ན་ཡང་སྲིད་མིན་ན། གངས་ཁྲོད་འདི་ན་ཡོད་པའི་ཐེ་ཚོམ་ཕྲ་མོ་ཙམ་ཡང་སུ་ཞིག་འཛིན། དེ་སླད་རང་གི་ཡབ་གྱུར་དག་ཀྱང་འཆད་པའི་ང་རོས་བསྙོམས་པར་གྱུར། གཞན་དུ་གང་གི་སྙན་པའི་དྲིས་ནི་ཕྱོགས་ཀྱི་མཛའ་བོ་ཉེ་བར་འགུགས། ཆོས་ལས་བསྐྱེད་པའི་སྙན་གྲགས་ཨུད་པལ་ཕྲེང་། དཔྱོད་ལྡན་གང་གིའང་རྣ་བའི་རྒྱན་དུ་ལེན་