[A:༡༡བ]ཐོགས་མེད་མཆེད་གཉིས་ཕྱོགས་གླང་ཆོས་གྲགས་སོགས། རྒྱ་གར་སོ་སོའི་རྗེས་འཇུག་དུ་མ་ཡིས། ཕན་ཚུན་རྩོད་པའི་འཕེན་ལེན་ཅི་ཡང་བྱུང་། དེ་ལྟ་ན་ཡང་དང་པོར་བསྐྱེད་པའི་གཞི། ཆུང་ངུ་ཡིན་ཡང་དེ་ལ་བརྟེན་རིགས་ཏེ། ཤངས་སྟོན་རིགས་པའི་རལ་དྲིས་གཡུལ་བཤམས་དེ། བསྟན་པའི་སྤྱི་རྗེ་སྒོས་ནོར་ཉིད་དུ་གྱུར། དེ་ལྟར་བརྗོད་དོན་དང་མཐུན་པར་རང་ཡུལ་ནས་སྨོན་ཐང་པ་རྗེ་དཔོན་རྣམས་ཀྱིས་བླའི་མཆོད་གནས་སུ་སྤྱན་འདྲེན་ཉེ་བར་བཏང་བའི་སྐབས་སུ། ཤངས་སྟོན་རིགས་པའི་རལ་དྲིའི་ཞལ་སྔ་ནས་ཀྱི་སྐུའི་རྒྱལ་ཚབ་དམ་པར་མངའ་གསོལ་ལུང་དང་རིགས་པའི་ཀློག་པ་ཐོས་བསམ་གྱི་འོར་འོར་ཟབ་མོ་ལ་ཉིན་མཚན་ཀུན་དུའང་གཡེལ་བ་མེད་པར། ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་སོ་སོ་ནས་ཉེ་བར་ལྷགས་པའི་བློ་གསལ་གྱི་སྐྱེས་སུ་དག་གི་བཞེད་དོན་དང་མཐུན་པ། རང་རང་གི་འདོད་པའི་དཔལ་བདེ་བླག་དུ་བསྐྲུན་པར་མཛད་དེ། དེ་ཡང་གཙོ་བོར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་སོགས། སྔ་རབས་མཁས་པའི་གཞུང་ལུགས་སོ་སོ་ལ་འགྲེལ་བྱེད་སྔ་མ་